༄༅།།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་ཁྲིམས་འཛིན་བྱ་བའི་ཡར་ཞུ་ཚོགས་འདུ་བསྡུས་པ།

 

222.jpg

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་ཁྲིམས་འཛིན་བྱ་བའི་ཡར་ཞུ་ཚོགས་འདུ་བསྡུས་པ།

         ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ནས་རང་ཞིང་གི་འབྲིང་རིམ་ཁྲིམས་ཁང་དང་གཞི་རིམ་གྱི་ཁྲིམས་ཁང་ཁ་ཤས་སུ་སོང་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དང་ཁྲིམས་ལུགས་ཁྲིམས་འཛིན་བྱ་བར་ཞིབ་ཤེར་བྱས། ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཁྲིམས་ལུགས་ཁྲིམས་འཛིན་བྱ་བའི་ཡར་ཞུ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྲིད་ཁྲིམས་སྡེ་ཁག་བཅས་ཀྱི་འགན་ཁུར་བས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་ཡར་ཞུར་ཉན་པ་དང་། ཞིང་ཆེན་ཁྲིམས་ཁང་ལ་ཁྲིམས་འཛིན་ཞིབ་བཤེར་བསམ་འཆར་ཡར་ཞུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅོན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཁྲིམས་དཔོན་ཏུང་ཁེ་ཅོན་གྱིས་གྲོས་ཚོགས་སྟེང་འབྲེལ་ཡོད་གནས་ཚུལ་ཡུར་ཞུ་བྱས།

         ཝང་ཅན་ཅོན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་ཀྱི་དོན་དུ་ཁྲིམས་ལུགས་སྤེལ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས། དཀྱིལ་སྙིང་ལ་དམིགས་པ་དང་། འགན་འཁྲི་ལག་བསྟར་བྱས་ནས། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་བཅད་པ་དང་། སྤྱི་ཚོགས་དྲང་བདེན་དྲང་བཞག་བྱ་བ་ཡར་སྐུལ་བྱས་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་སོགས་ཐད་ལ་ནུས་པ་གལ་ཆེན་བཏོན་ཏེ་བྱ་བ་སྣ་ཚོགས་ཐད་ལ་གྲུབ་འབྲས་ཅུང་བཟང་བོ་བླངས། གཅིག་ནས་འདྲི་གཅོད་ལག་བསྟར་བྱ་བར་གྲུབ་འབྲས་མངོན་གསལ་བླངས། གཉིས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ཚད་ལྡན་དུ་གཏོང་བ་དང་འཛུགས་སྐྲུན་བྱེད་པའི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས། གསུམ་ནས་དམངས་ཀྱི་དོན་དུ་ཁྲིམས་ལུགས་སྤེལ་བའི་བྱེད་ཐབས་དངོས་འབེབས་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཟེར།

          ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཆེ་ཕྱོགས་ལ་དམིགས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་ཕྱི་སྒྲུབ་པའི་བྱ་བར་བརྩིས་ནས། ལྟ་ཞིབ་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པའི་ཐད་ལ་འབད་པ་བྱས་ནས། ནན་ཏན་གྱིས་ཉམས་མྱོང་སྤྱི་བསྡོམས་བྱེད་དགོས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ། མི་དམངས་ཁྲིམས་ཁང་གི་བྱ་བ་སྣ་ཚོགས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱེད་དགོས་ཟེར།