ཇི་འདྲ་ཞིག་ལ་ཀུ་རེ་བ་ཟེར་རམ།

ལན། ཀུན་དགས་བསྒྱུར་པའི《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ།》ལས། ཀུ་རེ་བ་སྟེ་རྒྱ་ཡིག་ལ(嬉皮士)ཞེས་འཁོད་པ་དེ་ནི་དབྱིན་ཡིགhip-pieའམ hippyསྒྲ་སྒྱུར་བྱས་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ཡིག་ལ་དེར་འཁྲུལ་པ་མེད་པའི་གོ་དོན་སྣང་ངོར་ཇི་བཞིན་འཆར་ཐུབ་པ་ཞིག་ཡོད། ཀུ་རེ་བ་སྟེ་ཞི་ཕི་ཧྲི་ནི“གཉའ་ཆག”གི་གཞོན་ནུར་ཟེར། “གཉའ་ཆག་གི་མི་རབས་གཅིག”གིས་རང་ཉིད“གྱི་ན་བའི་ཀུན་སྤྱོད་སྨྲ་བ”ཡིན་ཟེར་བཞིན་དུ་ཡང་ཁོ་ཚོས་རང་ཉིད་ཀུ་རེ་བ་སྟེ་ཞི་ཕི་ཧྲི་ཡིན་ཟེར་བའི་རྒྱུ་མཚན་གང་ཡིན་ཟེར་ན། འདི“གྱི་ན་བའི་ཀུན་སྤྱོད་སྨྲ་བའི”གཞོན་ནུ་ཚོའི་ཁྱད་ཆོས་ཀྱི་ཐོག་ནས་མི་བརྗོད་ཀ་མེད་རེད། དེ་ཡང“གཉའ་ཆག་སྨྲ་བའི”གཞོན་ནུ་ཚོ་དུས་བསྟུན་དར་བཟོའི་རྗེས་སྙེག་རྒྱུར་ཤིན་ཏུ་དགའ་བས། ལོ་རབས་བཞི་བཅུའི་དུས་མཇུག་ཏུ་ཐོག་མར་ཧྥ་རན་སིར་གཞི་གྲུབ་རིང་ལུགས་དར་སྐབས་ཁོ་ཚོ་ཡ་མཚན་ཆེན་པོ་སྐྱེས་ཤིང་དེར་འདོད་པ་འཐད་ནས་ཁོ་ཚོ་ཞི་ཕི་སི་ཐེ(嬉皮斯特)ཡིན་ཞེས་བཤད་དེ། (ཞི་ཕི་སི་ཐེ་ཞེས་པ་དེ་ནི་དབྱིན་ཡིགhipster སྒྲ་སྒྱུར་བྱས་པ་ཞིག་རེད།)རང་ཉིད་ཨ་རིའི་གཞི་གྲུབ་རིང་ལུགས་པ་ཡིན་པ་མཚོན་པར་བྱས། མིང་འདི1975ལོ་བར་དང་དེ་རྗེས་ཀྱི་དུས་སྐབས་ཤིག་རིང་བེད་སྤྱོད་བྱས། 《འགྲོ་ལམ་ཐོག》ཅེས་པའི་བརྩམས་ཆོས་འགྲེམས་སྤེལ་བྱས་རྗེས“པི་ཏེ”(Beats)ཞེས་པའི་ཐ་སྙད་དེ་དར་བཟོ་ཆེན་པོ་བྱུང་བས་ཡང་ཁོ་ཚོས་དེ་མ་ཐག་རང་ཉིད“པི་ཏི་སྨྲ་བ”(Beats)ཡིན་ཚུལ་བཤད། དེ་སྔའི་སུའུ་ལེན་གྱིས་མིས་བཟོས་སྲུང་སྐརད་ཨང་དང་པོ་འཕེན་གཏོང་བྱས་ནས་འཛམ་གླིང་དུ་སྐད་གྲགས་ཆེ་སྐབས་ཡང་ཁོ་ཚོས་ཐབས་ཤེས་ཡོད་རྒུའི་རྩལ་སྤྲུག་གིས་ཁོ་ཚོའི་མིང་དེ་བྱ་དངོས་གསར་པ་དེ་དང་འབྲེལ་བ་ཡོང་ཐབས་བྱས་པ་འདི་ལྟ་སྟེ། “མི་བཟོས་སྲུང་སྐར”ལ་ཨུ་རུ་སུའི་སྐད་ཀྱི་བསྡུས་མིང་དུ“སི་ཕུའུ་ཐེ་ཉི་ཁོ”(斯普特尼克)ཟེར་གྱི་ཡོད་པས། ཨུ་རུ་སུའི་སྐད་ཀྱི་མིང་མཐའ“ཉི་ཁོ”(尼克)ཞེས་པ་དེ་ཁོ་ཚོའི་མིང་མཇུག་ཏུ་བསྣན་ཏེ“དབྱིན་རུ་ཤན་སྦྱར”གྱི་མིང་ཚིག“པི་ཏེ་ཉི་ཁོ”(鄙德尼克)སྟེBeatnikཞེས་པ་གསར་གཏོད་བྱས། ལོ་རབས་ལྔ་བཅུའི་སྐབས“གྱི་ན་བའི་ཀུན་སྤྱོད་སྨྲ་བའི”གཞོན་ནུ་ཚོས་ཞི་ཕི་སི་ཐེ་ཞེས་པའི་མིང་དེ་ཅུང་རེངས་གྱུར་ལྟ་བུ་དང་། བརྗོད་བདེ་ཤུགས་ཆེ་ཞིག་མི་འདུག་སྙམ་སྟེ། hipsterཞེས་པའི་ཐ་སྙད་དེའི་གྲུབ་སྟངས་གཞིར་བཟུང་སླར་ཡངhippieའམhippyཞེས་པའི་ཐ་སྙད་གསར་བཟོ་བྱས། རྟོག་ཞིབ་བྱས་པར་གཞིགས་ན། ཞི་ཕི་སི་ཐི་དང་ཞི་ཕི་ཧྲི(嬉皮斯特和嬉皮士)ཟེར་བ་ཚང་མ་དབྱིན་ཡིག་གི་རྒྱན་ཚིག་hip (སྤྱང་གྲུང་འཛོམས་པ་དང་། མཐོང་རྒྱ་ཆེ་བ། དུས་བསྟུན་དར་བཟོའི་རྗེས་སྙེག་ལ་དགའ་བ)ཞེས་པར་མིང་མཐའsterའམieཡང་ནyབསྣན་ནས་གྲུབ་པ་ཞིག་ཡིན་པ་རེད། ཀུ་རེ་བ་སྟེ་ཞི་ཕི་ཧྲི་ཞེས་པའི་མིང་དེས“གཉའ་ཆག་མི་རབས་གཅིག”གི་གཞོན་ནུ་ཚོས་འཇིག་རྟེན་བྱ་བར་རྩེད་མོའི་ཚུལ་འཛིན་པ་དང་། འབྱོར་འབྲིང་གྲལ་རིམ་གྱི་ཤེས་དཔལ་ཀུན་སྤྱོད་པ་སྣང་ཆུང་བསྐྱུར་འཇོག་བྱེད་པའི་རྣམ་པ་དེ་བས་མངོན་གསལ་དུ་མཚོན་གྱི་ཡོད། “ཀུ་རེ་བ”སྟེ་ཞི་ཕིའི་ཧྲི་ཟེར་བའི་ཐ་སྙད་དེ་ལོ་རབས་ལྔ་བཅུའི་དུས་མཇུག་ཏུ་ཐོན་མོད། འོན་ཀྱང་གཙོ་བོ་ལོ་རབས་དྲུག་ཅུའི་རྗེས་སུ་དར་ཁྱབ་ཀྱིས་ད་བར་གནས་པའི་ཐོག་ནས“གཉའ་ཆག་མི་རབས་གཅིག”གི་ལས་འགུལ་ཉམས་རྒུད་སོང་རྗེས་ཀྱི་གཞོན་ནུའི་ཁྱད་ཆོས་མཚོན་ཡོད། ཀུ་རེ་བའི་ཁྲོད་དུ་ཅུང་མངོན་གསལ་དོད་པའི་གཞོན་ནུ་རྩོམ་རིག་བ(དཔེར་ན“གསེར་གྱི་ཁྱེའུ”ཁེན.ཁའེ་ཞི་དང“ཀུ་རེ་བའི་དགའ་ལྷ”བུད་མེད་སྙན་ངག་པ་ལུན་ནོ.ཁན་ཏེར་སོགས)འགའ་རེ་མཆིས་མོད་ཀྱང་དེ་ནི་རྩོམ་རིག་གི་གྲུབ་མཐའ་ཞིག་མ་ཡིན། ཁོ་ཚོའི་རྩོམ་རིག་གི་ཁྱད་ཆོས་ཉུང་དུ་སོང་ནས་སྤྱི་ཚོགས་ཆབ་སྲིད་ལས་འགུལ་གྱི་ཁྱད་ཆོས་ཟབ་ཏུ་སོང་ཡོད། ཀུ་རེ་བས་རྟག་ཏུ་མི་ཁྲི་བརྒལ་བ་དང་ཐ་ན་མི་གྲངས་འབུམ་ཟིན་པའི་གཞི་རྒྱ་ཆེད་བའི་བྱ་འགུལ་སྒྲིག་འཛུགས་བྱེད་ཀྱི་ཡོད་པས་ཁོ་ཚོས་ནི་ལོ་རབས་དྲུག་ཅུའི་ཨ་རིའི་སྤྱི་ཚོགས་ཀྱི་ཡོ་འཁྱོམ་ཆེད་བའི་སྔོན་སྒྲར་གྱུར་ཡོད། རྗེས་སུ་ཐལ་སྐྱོད་ཀྱི་ཀུ་རེ་བ་ཁག་གཅིག་གིས་གཞིན་ནུའི་རྒྱལ་སྤྱི་ཏང་བཙུགས་པ་དང་། 1968ལོར་ཀྲི་ཅ་ཀོར་རྒྱལ་ཡོངས་རང་བཞིན་གྱི་དམངས་གཙོའི་ཚོགས་ཆེན་འཚོགས་པ་རེད། ཏང་དེའི་དབྱིན་ཡིག་གི་བསྡུས་མིང་ལYIPཟེར་གྱི་ཡོད་སྟབས། ལོ་རབས་དྲུག་ཅུའི་རྗེས་སུ་དབྱི་པི་སྨྲ་བ(易比派)འམ་དབྱི་པི་ཧྲིའི་གཞོན་ནུ(易比士青年)ཞེས་པ་ཞིག་ཐོན་པ་དེ་ནི་གཞོན་ནུའི་རྒྱལ་སྤྱི་ཏང་ནང་ཞུགས་པའི་ཀུ་རེ་བ་སྟེ་ཞི་ཕི་ཧྲིལ་ཟེར་བ་ཡིན། ཞི་ཕི་ཧྲིའམ་ཡང་ན་དབྱི་པི་ཧྲི་གང་ཡིན་རུང་ཚང་མ་ནི་ལོ་རབས་ལྔ་བཅུའི་སྐབས་ཀྱི་ཅིའུ་ཅིན་ཧྲན་གྱི“གཉའ་ཆག་མི་རབས་གཅིག”གི་གཞོན་ནུའི་འཚོ་བའི་སྤྱོད་སྟངས་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་ལས་མ་འདས། མི་འདྲ་ས་ནི་ལོ་རབས་ལྔ་བཅུའི་སྐབས་ཀྱི་གཉའ་ཆག་བ་ཚོས་ཉལ་ཐ་ཧེ་རུན་སོགས་དུག་རྫས་འཐེན་པ་དང་། ཞི་ཕི་ཧྲི་ཚོ་སྦྲིད་རྒྱུར་དབྱིངས་ཞུགས་པ་དེ་ཙམ་གྱི་ཁྱད་པར་ཡིན་ནོ། །