མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གླིང་ཆེན་ལྔའི་གླིང་སྐྱོད་ལྕགས་རྟ་འགྲན་སྡུར་གྱི་གོ་གནས་དང་པོར་སོན་པ།

  2012ལོར་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་ཞིང་ཆེན་གསུམ་གྱིས་མཉམ་དུ་བསྒྲུབས་པའི་རྒྱལ་སྤྱིའི་འགྲན་ཚོགས་ཤིག་ཏུ་གྱུར་བས། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་སྐྱེ་སྟོབས་གསར་བ་ཞིག་བསྣན་པར་མ་ཟད། རང་རྒྱལ་གྱི་ཞིང་ཆེན་མང་པོས་ལུས་རྩལ་གྱི་མཚོན་རྟགས་ཤིག་བསྐྲུན་པར་ཉམས་མྱོང་ཕུན་སུམ་ཚོགས་པ་བསྡུས་ཤིང་། དེས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་འགྲན་དོན་གྱི་རིམ་པའི་སྟེང་གླིང་ཆེན་ལྔའི་གླིང་སྐྱོད་འགྲན་དོན་གྱི་གོ་གནས་དང་པོར་འགྱུར་པར་མཐུན་རྐྱེན་བསྐྲུན།

  རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་བརྒྱུད་ནས2012ལོར་སྨྱན་བྱད་རིན་ཐང་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་མངོན་འགྱུར་བྱུང་བས། ས་གནས་ཀྱི་དཔལ་འབྱོར་གོང་སྤེལ་ལ་ནུས་པ་ཆེན་པོ་ཐོན། འབྲེལ་ཡོད་སྡེ་ཁག་གིས་དཔྱད་སྡུར་ཚོད་དཔག་བྱས་པ་ལྟར་ན་ཟི་ལིང་དང་ཀྲུང་ཝེ། ལན་ཀྲིག་བཅས་གྲོང་ཁྱེར་གསུམ་གྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་བརྟེན་ནས་དཔལ་འབྱོར་ཕན་འབྲས་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བསྐྲུན་པ་དང་། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལས་ལོ་རེར་སྒོར་མོ་དུང་ཕྱུར་གཅིག་ཡན་གྱི་དཔལ་འབྱོར་ཕན་འབྲས་ཐོན་ཐུབ་པས། མཚོ་སྐོར་ལྕགས་རྟའི་གནས་སྐོར་གྱི་རྣམ་པ་གསར་བ་ཞིག་འགྲུབ་པར་སྐུལ་འདེད་བྱེད་ཐུབ། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་གཉིས་པའི་རྒྱུག་ལམ་དེ་ཉིན་ཞཱ་དབྱིན་ཁྲོན་བར་དུ་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། བྱ་དགའི་བསྡོམས་གྲངས་ཨ་སྒོར་འབུམ་བདུན་དུ་གཏོང་རྒྱུ་རེད།