བསམ་ཡས་དགོན་པ།

  བསམ་ཡས་དགོན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པ།

  དགོན་པའི་ནང་སྒྲིག་བཤོམས་བྱས་པའི་སྐུ་བརྙན།

  དགོན་པའི་ཚོམས་ཆེན་འདུ་ཁང་གི་ཟུར་གཅིག

  བསམ་ཡས་དགོན་པ་ནི་ཡར་ཀླུང་གཙང་པོའི་བྱང་བརྒྱུད་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་སུ་ཆགས་ཤིང་། སྤུར་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སྐྲུན་པ་དང་དགོན་པའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས 9ལྷག་ཟིན་གྱི་ཡོད། ཐོག་བརྩེགས་དང་པོ་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་པ་དང་ཐོག་བརྩེགས་གཉིས་པ་རྒྱ་ནག་གི་ལུགས་སུ་སོ་ཕག་ལས་གྲུབ་པ། ཐོག་བརྩེགས་གསུམ་པ་རྒྱ་གར་གྱི་ལུགས་སུ་ཤིང་ལས་གྲུབ་པ་བཅས་འཛུགས་སྐྲུན་བཀོད་པ་ངོ་མཚར་ལྡན་པ་ཞིག་ཡོད་པས། དགོན་སྡེ་དེ་ནི་བོད་ཀྱི་གནའ་རབས་འཛུགས་སྐྲུན་དངོས་པོའི་ནང་གི་ཆེས་དམིགས་བསལ་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་བཀོད་པ་ཞིག་རེད།།