“ཞིན་ཝང་བུམ་པའི”སྐབས་དགུ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་དེ་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སྤེལ་མགོ་བརྩམས་པ།

 

  “དར་རྒྱས་བུམ་པའི”སྐབས་དགུ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་དེ་ཚེས་བཅོ་ལྔ་ཉིན་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སྤེལ་མགོ་བརྩམས།

  “ཞིན་ཝང་བུམ་པའི”སྐབས་དགུ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་དེ་ཚེས་བཅོ་ལྔ་ཉིན་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་འགྲན་སྡུར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་རྐྱལ་འགྲན་སྡུར་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ལུའུ་ཧྲིན་སོགས་འབྲེལ་ཡོད་མགོ་ཁྲིད་པ་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས།

  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་རྐྱལ་འགྲན་སྡུར་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ལུའུ་ཧྲིན་གྱིས་རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་ལ་གདེང་འཇོག་ཚད་མཐོན་པོ་གནང་། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ས་རྒྱུས་མི་གཞུང་ཐོན་ཁུངས་བཀོལ་སྤྱོད་བྱས་པ་དང་། ལོ་དུ་མའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་དེ་རྒྱལ་ཡོངས་ཀྱི་ཆུ་ཁོངས་འགྲན་བསྡུར་དུ་བསྐྲུན་ངེས་རེད་ཟེར།

  རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཆུ་རྐྱལ་འགྲན་སྡུར་ལ་ཞུགས་པའི་མི་གྲངས་དེ་སྐབས་སྔོན་མ་དང་བསྡུར་ན་ཅུང་ཙམ་ཉུང་ནའང་། ཆུ་བ་དེ་དག་ནི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཡང་དང་རིམ་པར་གདམ་གསེས་བྱས་པ་ཡིན་ལ། ཁོ་ཚོ་ཚང་མ་རྒྱལ་ཁབ་ཕྱི་ནང་གི་རྣམ་པ་རྒྱ་ཆེ་བའི་ཆུ་རྐྱལ་འགྲན་སྡུར་སྣ་ཚོགས་ལ་ཞུགས་མྱོང་བ་དང་། འགྲན་སྡུར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། སྐབས་འདིའི་འགྲན་སྡུར་སྟེང་ཞུང་ཧྭ་རྫོང་གིས་ཀྱང་ས་གནས་རང་གི་ཆུ་རྐྱལ་དཔུང་སྡེ་ཞིག་བཙུགས་ཏེ། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་སྡུར་སྟེང་གྲུབ་འབྲས་བཟང་བོ་ཞིག་ལེན་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད།