གོས་སྐུ་ཆེན་མོ།

  

  གོས་སྐུ་ཆེན་མོ་ནི་རེབ་གོང་ས་ཁུལ་གྱི་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གཙོ་བྱས་པའི་དགོན་སྡེ་ཁག་ཅིག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་སྦྱིན་རླབས་ཆེན་མཛད་པའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་ཡིན། དགོན་པ་སོ་སོའི་གོས་སྐུ་བཤམས་པའི་དུས་ཚོད་དེ་ཉི་གཞོན་རི་རྩེ་ནས་འཕགས་པ་ཙམ་དུ་གཏན་ཁེལ་བྱས་ཡོད་ལ། རོང་བོ་དགོན་པའི་ས་བབ་ཀྱི་རྐྱེན་པས་གོས་སྐུ་བཤམས་པའི་དུས་ཚོད་ཉིན་གུང་ལས་ཡོལ་ཡོད། གོས་སྐུ་བཤམས་པའི་ཉིན་དེར་ཕྱོགས་སོ་སོ་ནས་ལྷ་བསང་གཏོང་བ་དང་། དགེ་འདུན་པ་རྣམས་རྡུང་དཀྲོལ་འབུད་གསུམ་གྱིས་ལམ་སྣ་འདྲེན་པ་དང་དགོན་པའི་བླ་སྤྲུལ་རྣམས་ཀྱི་མཛུབ་སྟོན་འོག དགོན་པའི་ལྟག་རྒྱབ་ཀྱི་ཐེམ་སྐས་སྟེང་བཤམས་མཐར། དགེ་འདུན་པ་དང་དགོན་པའི་བླ་སྤྲུལ་ཡོངས་ཀྱིས་དུང་ཆེན་འབུད་པ་དང་ཆོས་འདོན་པ། སེར་སྐྱ་ཕོ་མོ་ཡོངས་ཀྱིས་ཡིག་དྲུག་དབྱངས་སུ་གྱེར་བ་རྣམས་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་གོ