2013ལོའི་མཚོ་སྔོན་གྱི་ཆུ་དང་ཚེ་སྲོག་ཅེས་པའི་ཝང་ལོ་པེན་དང་རི་གླུའི་མཚོ་སྔོན་རོལ་མོའི་དགོང་ཚོགས་ཁྲི་ཀ་རྫོང་ནས་བསྡུས་པ།

 

  ཟླ6པའི་ཚེས17ཉིན་གྱི་དགོང་མོར། སྐབས་དྲུག་པའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་ཅེས་པའི་འཛམ་གླིང་གི་ཐང་རྒོད་དང་ཐན་པ་འགོག་བཅོས་ཉིན་མོའི་བརྗོད་བྱ་གཙོ་བོའི་རོལ་མོའི་དགོང་ཚོགས་ཝང་ལོ་པེན་དང་རི་གླུའི་མཚོ་སྔོན་རོལ་མོའི་དགོང་ཚོགས་ཞེས་པ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་དུ་གཟབ་རྒྱས་ངང་བསྡུས། རོལ་མོའི་དགོང་ཚོགས་དེ«རྒྱང་ཐག་རིང་བོའི་གནས་དེ་ན»ཞེས་པའི་མཉམ་ལེན་གླུ་དབྱངས་ཁྲོད་མགོ་བརྩམས།

  ཟླ6པའི་ཚེས17ཉིན་གྱི་དགོང་མོར། སྐབས་དྲུག་པའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་ཅེས་པའི་འཛམ་གླིང་གི་ཐང་རྒོད་དང་ཐན་པ་འགོག་བཅོས་ཉིན་མོའི་བརྗོད་བྱ་གཙོ་བོའི་རོལ་མོའི་དགོང་ཚོགས་ཝང་ལོ་པེན་དང་རི་གླུའི་མཚོ་སྔོན་རོལ་མོའི་དགོང་ཚོགས་ཞེས་པ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་དུ་གཟབ་རྒྱས་ངང་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་སོགས་འབྲེལ་ཡོད་མགོ་ཁྲིད་རོལ་མོའི་དགོང་ཚོགས་སུ་ཞུགས།

  ཐེངས་འདིའི་རོལ་མོའི་དགོང་ཚོགས་ནི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་རོལ་མོའི་འགྲུལ་བཞུད་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་པེ་ཅིན་བརྙན་འཕྲིན་ཁང་གཉིས་ཀྱིས་སྒྲུབ་འགན་འཁུར་བ་རེད། རོལ་མོའི་དགོང་ཚོགས་དེས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་གཅེས་སྤྲས་བྱེད་པ། ཆུ་བོར་བསྟོད་པ། ཚེ་སྲོག་ལ་མཐོང་ཆེན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བཅས་བརྗོད་བྱ་གཙོ་བོར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་དར་རྒྱས་སུ་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་འཛུགས་སྐྲུན་བཟང་བོ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་མཚོན་ཡོད།