བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གྱི་ཁྱད་པར་རགས་ཙམ་གླེང་བ།

  ད་ལོར་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་དབར་ཉིན་གཅིག་གི་ཧེ་བག(དཔྱིད་གསར་དུས་ཆེན་ལས་ཉིན་གཅིག་གི་ཕྱི་བ)ལས་མེད། བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གྱི་ཟླ་ཚེས་གཅིག་མཐུན་ཡིན་མིན་ཐད་གཏན་འཁེལ་གྱི་ཆོས་ཉིད་མེད་ཅིང་། སྐབས་རེར་ཉིན་གཅིག་མཚུངས་ཡིན་པ་དང་། སྐབས་རེར་ཉིན་གཅིག་གམ་ཡང་ན་ཟླ་གཅིག་གི་ཧེ་བག་ཡོད། སྣང་ཚུལ་དེ་འདྲ་ཐོན་པའི་རྒྱུ་མཚན་གང་ཡིན་ཞེ་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གྱིས་བསྟན་དོན། སྲོལ་རྒྱུན་གྱི་བོད་རྩིས་དང་རྒྱ་རྩིས་ནི་དཔེ་མཚོན་ལྡན་པའི་ལུགས་གསར་རྙིང་དུ་གཏོགས་པའི་རྐྱེན་གྱིས་ལོ་ཐོ་བརྩི་སྟངས་ཀྱི་མ་ལག་ཐད་ཤོལ་ཟླ་དང་ཟླ་ཆེན་ཟླ་ཆུང་དུ་དབྱེ་ཐབས་མི་མཚུངས་པས་སྣང་ཚུལ་དེ་ལྟར་ཐོན་པ་རེད། བོད་རྩིས་སུ་ཤོལ་ཟླ་བྱུང་ཚུལ་ནི་ཟླ65རེར་ཤོལ་ཟླ་གཉིས་པ་སྟེ། ཟླ32.5རེར་ཤོལ་ཟླ་རེ་འབྱུང་བ་དང་ཤོལ་ཟླ་ཡོད་པའི་ལོར་ཤོལ་ལོ་ཟེར། ཤོལ་ལོ་ནི་ཟླ་བ13དང་ཉིན384ཙམ་ཡོད། འཆར་ཅན་གྱི་ལོར་ཟླ་བ12དང་ཉིན354ཙམ་ཡོད་པ་རེད།