ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་བཏབ་སྟེ་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

  

མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྣམ་གླིང་རྫོང་གིས་རྩྭ་འདེབས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྩྭ་འདེབས་པར་བརྟེན་ནས་གཞི་ཁྱོན་ཅན་གྱི་ཐོན་མཐོ་ཕན་མཐོའི་རྩྭ་འདེབས་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་པར་བརྟེན་མི་དང་། རྩྭ། ཕྱུགས་རིགས་བཅས་ཀྱི་འགལ་ཟླ་ཆུང་དུ་ཕྱིན་ནས་ཕྱུགས་རིགས་དང་བཟའ་འབྲུའི་བདེ་འཇགས་འགན་ལེན་བྱུང་ཡོད། མིག་སྔར་རྫོང་དེས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་5.8བསྐྲུན་པ་དང་ཨེ་མ་ཤང་གི་གྲོང་ཚོ་བརྒྱད་རྩྭ་འདེབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནང་ཞུགས་པ་དང་མཉམ་ལས་ཁང་ནང་ཞུགས་མཁན་མང་ཚོགས་6500ལྷག་ཙམ་ཟིན་ཞིང་། འདི་ནི་ལས་དོན་མི་སྣས་འཕྲུལ་ཆས་ལ་བརྟེན་ནས་རྩྭ་བརྔ་བ་དང་རྩྭ་ཆག་སྡོམ་པའི་གནས་ཚུལ་ཡིན་པ།