བོད་རིགས་མང་ཚོགས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་འོང་སྐོར་ལ་རྟེན་འབྲེལ་ཞུས་པ།

   
འོང་སྐོར་ནི་བོད་རིགས་མང་ཚོགས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་། དེ་ནི་བོད་ལྗོངས་ཀྱི་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ་སོགས་སུ་ཁྱབ་ཆེ་བ་ཡོད། ལོ་རེའི་བོད་ཟླ་བདུན་པ་དང་བརྒྱད་པའི་བར་དུ་གཏོང་གི་ཡོད་ཅིང་། ཞིབ་ཕྲའི་དུས་ཚོད་ནི་ས་གནས་སོ་སོའི་ཞིང་ལས་ཀྱི་དུས་ཚིགས་ལ་བསྟུན་ནས་གཏོང་གི་ཡོད་པ་དང་། སྤྱི་བཏང་དུ་ནས་ཀྱི་སྙེ་མ་སྨིན་པའི་རྗེས་སུ། སྟོན་སྡུད་བྱེད་འགོ་ཚུགས་ཚུགས་པའི་གོང་གི་ཉིན་གཉིས་གསུམ་ལ་གཏོང་གི་ཡོད་པ་རེད།