གཞི་གྲངས་ལས་མངོན་པའི་བདེ་སྐྱིད་ལྡན་པའི་བོད་ལྗོངས།

  

  

 
མི་དམངས་དྲ་བའི་འཕྲིན། 2016ལོའི་བར་དུ། བོད་རང་སྐྱོང་ལྗོངས་ཀྱི་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་ཡིས་བཀོལ་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར་སྒོར་27802དང་9094ཟིན་ཡོད་པ་དང་།

  གྲོང་རྡལ་གྱི་གྲོང་མི་ཆ་སྙོམས་ཁྱིམ་ཚང་བརྒྱ་རེར་ལག་ཁྱེར་ཁ་པར་223.16དང་། གྲོང་གསེབ་ཀྱི་གྲོང་མི་ཆ་སྙོམས་ཁྱིམ་ཚང་བརྒྱ་རེར་ཁ་པར་205.81རེ་ཡོད་པ།

  གྲོང་རྡལ་གྱི་གྲོང་མི་ཆ་སྙོམས་ཁྱིམ་ཚང་བརྒྱ་རེར་རླངས་འཁོར་36.03དང་གྲོང་གསེབ་ཀྱི་གྲོང་མི་ཆ་སྙོམས་ཁྱིམ་ཚང་བརྒྱ་རེར་སྦག་སྦག་80.19རེ་ཡོད་པ།

  མི་སྟོང་རེར་སྨན་ཁང་གི་ཉལ་ཁྲི་4.50རེ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་4.63རེ་ཡོད་པས། 2012ལོ་དང་བསྡུར་ན་1.21དང་0.96རེ་འཕར་ཡོད་པ།མི་རེའི་ཆ་སྙོམས་ཚེ་ཚད་2011ལོའི་67.5ནས་ད་ལྟའི་ལོ་68.2སུ་འཕར་ཡོད་པ་རེད།