ལྷ་ས་གྲོང་ཁྱེར་གྱིས།གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཁོངས་གཏོགས་ཀྱི་ལས་སྒོའི་ཤེས་བྱ་གསོ་སྦྱོང་གི་འཆད་ཁྲིད་བྱས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཁོངས་གཏོགས་ཀྱི2017ལོའི་ལས་སྒོའི་ཤེས་བྱ་གསོ་སྦྱོང་གི་འཆད་ཁྲིད་བྱས་པ་རེད།

  ད་རེས་ཀྱི་གསོ་སྦྱོང་ནང་ཅང་སུའུ་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ལས་རིགས་ཀྱི་རིགས་གཅིག་མཁས་ཅན6གདན་དྲངས་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་གྱི་རྣམ་པའི་ཁྱད་ཆོས་བཀོད་སྒྲིག་དང་། གྲོང་རྡལ་ཆུང་ངུའི་བར་སྟོང་ཁྱད་ཆོས་བཀོད་སྒྲིག འཆར་འགོད་མཁན་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ནང་དོན་ལ་གཞིགས་ནས་དུས་ཡུན་ཉིན་གསུམ་རིང་སློབ་ཁྲིད་བྱས་པ་རེད། །