གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་བསྐྱོད་པ།

  

མི་དམངས་དྲ་བའི་འཕྲིན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་རྩ་ཧྲེང་གྲོང་ཚོ་ཁོངས་སུ་ཡོད། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་བཟོ་སྐྲུན་ནི་ཚོན་རིས་དང་། འཇིམ་བརྙན། རྐོ་བཟོ་སྒྱུ་རྩལ་སོགས་ཀྱི་ཕྱོགས་ནས་རིན་ཐང་ཆེན་པོ་ཡོད་ལ། ལོ་ལྟར་རྒྱལ་ཁོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གཟིགས་སྐོར་དང་ཞིབ་འཇུག་གནང་བར་ཕེབས་བཞིན་ཡོད་པ་རེད།