སྤྲོ་སྣང་ལྡན་པའི་ཁྱིམ་ཚང་གཅིག་ཞེས་པའི་གླུ་གཞས་སྐོར་སྐྱོད་འཁྲབ་སྟོན་འགོ་ཚུགས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་རོལ་དབྱངས་མཁས་ཅན་མཐུན་ཚོགས། ཀྲུང་ཕྱིའི་གྲགས་ཅན་རིག་གནས་ཐོན་ལས་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་སྤྲོ་སྣང་ལྡན་པའི་ཁྱིམ་ཚང་གཅིག་ཞེས་པའི་གླུ་གཞས་བསྡུ་ལེན་བྱེད་སྒོ་དུས་ཡུན་ཟླ་བ་དྲུག་རིང་བསྡུ་རུབ་དང་དཔྱད་འདེམས་བྱས་པ་བརྒྱུད། དེང་སྐབས་ཕུལ་བྱུང་བརྩམས་བྱ་གྲོང་ཁྱེར་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་། ལྷ་སའི་ས་ཚིགས་ཐོག་མའི་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་བ་རེད།

  ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཀྱི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོའི་ནང་གྲགས་ཅན་གླུ་དབྱངས་སྒྱུ་རྩལ་མཁས་པ་ཀོན་མུ་ཚོན་དང་གཡུས་ཅུན་ཅན་ཕུད། ཀྲུང་གོའི་གླུ་དབྱངས་ལས་རིགས་ཀྱི་གསར་ཐོན་གཞས་པའི་འཐུས་མི་ཕིང་ཨན་དང་། རོལ་དབྱངས་ཀྱི་ཕུགས་འདུན་དང་སྟོབས་ཤུགས་ངེས་ཅན་ལྡན་པའི་གླུ་པ་གསར་པ་ལྷ་སར་འཛོམས་ནས་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཀྲུང་གོའི་ཕུགས་འདུན་ལེན་པ་རེད།རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་དགེ་སློབ་ཀྱི་འཐུས་མི། དྲག་ཆས་ཉེན་རྟོག་དཔོན་དམག་སོགས་མི་སྟོང་ཁ་ལོན་པ་ལྟད་མོ་བལྟ་བར་སླེབས་པ་རེད། སྤྲོ་སྣང་ལྡན་པའི་ཁྱིམ་ཚང་ཞེས་པའི་གླུ་གཞས་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་དེ་ད་དུང་ཤིའི་ཨན་དང་ཀོང་ཀྲའུ་སོགས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད། །