བོད་ལྗོངས་ཀྱིས་ཆ་སྒྲིག་གཉེན་འཚོལ་གྱི་སྦྲེལ་ཟམ་བཙུགས་པ།

  མི་དམངས་དྲ་བའི་འཕྲིན། “འབྲས་དང་། གྲོ་ཞིབ། སྣུམ་བཅས་བཟས་མ་ཚར་གོང་སླར་ཡང་བསྐྱལ་བར་སླེབས་བྱུང་། ང་ལ་ནད་ལྟ་རོགས་དང་སྨན་ཉོ་རོགས། མཁོ་ཆས་ཉོ་རོགས་བཅས་བྱེད་ཀྱི་ཡོད་པས་ཁོང་ཚོ་ནི་ངའི་གཉེན་ཉེ་རེད”ཅེས་ཆ་སྒྲིག་གཉེན་འཚོལ་གྱི་གྲོང་སྡོད་ལས་བྱེད་པ་ཧྲང་ཅུན་ཞ་ཡི་སྐོར་གླེང་སྐབས་བསོད་ནམས་བག་གྲོས་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད་བྱུང་།

  ཧྲང་ཅུན་ཞ་ནི་རྩ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཡིན་ཞིང་། རྩ་གྲོང་ཚོར་བཅའ་སྡོད་བྱས་རྗེས་ཁོང་གིས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་དུད་ཚང་གཉིས་ཀྱི་གྲོང་མི་དང“ཆ་སྒྲིག”བྱས་ཏེ་གནད་སྨིན་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། བསོད་ནམས་བག་བྲོ་ཁྱིམ་དུ་ལྟོ་བཟོ་སྐབས་སྟབས་བདེ་པོ་མེད་པ་ཤེས་རྗེས་ཁོང་གིས་གློག་རྡིག་ཅིག་ཉོས་ནས་སྤྲད་པ་དང་རྒྱུན་དུ་བསོད་ནམས་བག་བྲོ་སྨན་ཁང་དུ་ཁྲིད་རོགས་དང་སྨན་ཉོ་རོགས་བྱས་པར་བརྟེན་ཁོང་མང་ཚོགས་སེམས་ནང་གི“གཉེན་ཉེ”ལྟ་བུར་གྱུར་ཡོད།

  “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོའི་གཞི་རྟེན་གལ་ཆེན་ཞིག་ཡིན། བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཏང་ཡོན་ལས་བྱེད་པ་ཁག་བགོས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་དང“ཆ་སྒྲིག”བྱས་པ་དང་འབྲེལ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་དབུལ་སྒྲོལ་བསམ་ཕྱོགས་ལ་ཞིབ་འཇུག་བྱས་པ་རེད།

  “ཆེ་ས་ནས་བཤད་ན། གྲོང་སྡོད་ནི་གཞི་རིམ་གྱི་མང་ཚོགས་ཚང་མ་དང་གྲོགས་པོ་བསྒྲིགས་ནས་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱ་རྒྱུ་དེ་ཡིན། ལས་དོན་རུ་ཁག་གིས་གྲོང་ཚོར་མཉམ་ལས་ཁང་འཛུགས་རོགས་བྱས་ཤིང་། སྨན་བསང་ཞིབ་སྤེལ་བྲིན་ཚོང་གི་རྣམ་གྲངས་གཅིག་པུ་ལས་གྲོང་ཚོ་ཡོངས་ཀྱི་མི་རེར་ལོ་རེར་འབབ་འཕར་སྒོར་2300བྱུང་ཡོད་ཅེས་ཧྲང་ཅུན་ཞ་ཡིས་དེ་ལྟར་བཤད།

  གཞིས་རྩེ་གྲོང་ཁྱེར་དུ་ཏང་ཡོན་ལས་བྱེད་པ་དང་ཆ་སྒྲིག་གཉེན་འཚོལ་བྱས་པའི་མང་ཚོགས་ཀྱི་ལག་ཏུ་དམངས་བདེ་དམངས་ཕན་གྱི“སེམས་སྦྲེལ་གཱ”ཞིག་ཡོད་པ་དེའི་ཐོག་ལས་བྱེད་པའི་གཞི་རྩའི་གནས་ཚུལ་དང་། ཞབས་ཞུའི་ནང་དོན། རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་སོགས་བཀོད་ཡོད་པ་རེད། ནད་བལྟ་བ་དང་། སློབ་ཞུགས། ལས་ཞུགས་སོགས་ཀྱི་ཐད་དཀའ་ངལ་འཕྲད་ཚེ་མང་ཚོགས་ཀྱིས་ཐད་ཀར་རང་ཉིད་ཀྱི་ཆ་སྒྲིག་ལས་བྱེད་པ་བཙལ་ནས་རོགས་རམ་བྱེད་རོགས་ཞེས་ཞུ་ཆོག་གི་ཡོད།

  གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མང་ཚོགས་སྐྱིད་ཆུང་གི་བཟའ་ཟླ་གྲོངས་རྗེས་འཚོ་བར་དཀའ་ངལ་འཕྲད། ཆ་སྒྲིག་ལས་བྱེད་པའི་རོགས་རམ་འོག་ཁོ་མོས་ཇ་ཁང་ཆུང་ཆུང་ཞིག་བཙུགས་པ་དང་ཟླ་རེར་སྤྱི་ཕན་རང་བཞིན་གྱི་ལས་གནས་ནས་གླ་ཆ་ལེན་རྒྱུ་ཡོད་པས་འཚོ་བ་རིམ་བཞིན་ཡག་ཏུ་ཕྱིན། སྐྱིད་ཆུང་གིས་ངའི་མཐའ་འཁོར་གྱི་དཀའ་ངལ་ཡོད་པའི་མི་ཚང་མར་ཆ་སྒྲིག་ལས་བྱེད་པ་ཡོད། ལས་བྱེད་པ་དེ་དག་ང་ཚོའི་གཉེན་ཉེ་ལྟ་བུ་ཡིན་ཞེས་བཤད།

  དེ་བས་ལེགས་པའི་སྒོ་ནས་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་དང་ཏང་ཡོན་གདོང་ལེན་ཞབས་ཞུའི་ས་ཚིགས་བཙུགས་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་རྫོང་ཡོངས་སུ་ཡུག་ཁུལ་7ཕྱེ་ནས་ཡུག་ཁུལ་རེར་འགན་ཁུར་བ་རེ་བསྐོས་པ་དང་མང་ཚོགས་ལ་མིང་དང་། ལས་ཁུངས། ལས་གནས། ཁ་པར་ཨང་གྲངས་བཅས་སྤྲད་པ་མ་ཟད་ད་དུང“རྒན་གྲས་གསུམ་གྱི་མི་སྣ”དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཁྲོད་ནས་དབང་གྲགས་ལྡན་པ་དང་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་མི་ཡུག་ཁུལ་གྱི་ཆ་འཕྲིན་པར་བདམས་ནས་མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་དང་གོང་ཞུ་བྱེད་ཀྱི་ཡོད།མིག་སྔའི་བར་བོད་དུ་ཏང་ཡོན་ལས་བྱེད་པ་ཁྲི་13ལྷག་ཙམ་གྱིས་མང་ཚོགས་དབུལ་པོ་དང“ཆ་སྒྲིག”བྱས་ནས་མང་ཚོགས་དབུལ་པོར་ཕྱུག་འགྱུར་ཐབས་ལམ་གཏོད་རོགས་བྱེད་ཀྱི་ཡོད། འདི་ནི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་འབྲེལ་བ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞིང་། དེ་ལས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཐེབས་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་སྐོར་གཟིགས་པ་ལི་ཞའོ་ཉིང་གིས་དེ་ལྟར་བཤད།