ཟླ8པར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི48སྐྱེལ་འདྲེན་བྱས།

  

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ8པར་ལྗོངས་ཡོངས་ཀྱི་གནམ་གྲུ་ཐང5ཡིས་སྐྱེལ་འདྲེན་འཕུར་ཐེངས4005བྱས་ཏེ་འགྲུལ་པ་མི་ཐེངས་ཁྲི485530སྐྱེལ་འདྲེན་བྱས་པ་དང་། དངོས་ཟོག་ཏུན་3683.9སྐྱེལ་འདྲེན་བྱས་ཏེ་སོ་སོ་ནས10%དང2.3%། 14.4%བཅས་འཕར་ཡོད་པ་རེད།

  ཟླ7པ་དང་ཟླ8པ་ནི་ལྷ་སའི་གནས་སྐོར་རྫོགས་ལྡན་དུས་ཚིགས་ཡིན་ཞིང་། གནས་སྐོར་རྫོགས་ལྡན་དུས་ཀྱི་ཐོན་སྐྱེད་འགན་སྲུང་བྱ་བར་ཁག་ཐེག་བྱས་ཏེ། ལྷག་བསམ་རྣམ་དག་གི་ཞབས་ཞུའི་རེ་འདུན་སོ་སོ་དངོས་འབེབས་བྱ་ཆེད། ལྷ་སའི་གོང་དཀར་གནམ་གྲུ་ཐང་གིས་མགོ་ཁྲིད་རྩ་འཛུགས་དང་མཐུན་སྦྱོར་བྱ་བར་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁོངས་སྔོན་འདོན་དང་། དམིགས་ཡུལ་ཡོད་པའི་བྱེད་ཐབས་བེད་སྤྱད་དེ་གནས་སྐོར་རྫོགས་ལྡན་དུས་ཀྱི་མཁའ་འགྲུལ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།

  ད་ལོའི་ཟླ1པོ་ནས་ཟླ8པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཉིང་ཁྲི་ནས་ཞི་ཨན་བར་གྱི་མཁའ་ལམ་དང་། གཞིས་ཀ་རྩེ་ནས་ཞི་ཨན་དེ་ནས་ཧྲང་ཧེ་བར་གྱི་མཁའ་ལམ་གསར་སྣོན་བྱས་པར་བསྡོམས་པས་མཁའ་ལམ73ཡོད་པ་དང་། གནམ་གྲུ་ཤར་གཏོང་བྱས་པའི་གྲོང་ཁྱེར41ཡོད་པས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག མིག་སྔར་བོད་ལྗོངས་ཀྱི་གནམ་གྲུ་ཐང་དང་མཁའ་ལམ་དྲ་རྒྱའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཏེ། དེང་རབས་ཅན་གྱི་གནམ་གྲུ་ཐང5དང་། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ73ལ་རྟེན་ནས་མཁའ་སྐྱོད་སྐྱེལ་འདྲེན་ཐོན་སྐྱེད་བྱ་བ་ཡར་ངོའི་ཟླ་བཞིན་གོང་འཕེལ་བྱུང་བཞིན་ཡོད། །