བོད་ལྗོངས་ཀྱིས་2020ལོར་སླེབས་སྐབས་སྲིད་འཛིན་གྲོང་ཚོ་ ཚང་མར་དྲ་ཆེན་ཁྱབ་པ་བྱ་རྒྱུ་ཡིན་པ།

  མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས“དྲ་བ་འཛུགས་པ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། ཀུན་ཏུ་ཁྱབ་པར་སྐུལ་མ་གཏོང་བ། བེད་སྤྱོད་གཏོང་རྒྱ་ཆེ་རུ་གཏོང་བ། གྲོན་དངུལ་དམའ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ”བཅས་སྤྱིའི་དམིགས་ཚད་དུ་བྱས་ཏེ“གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་ས་ཚུགས”བཙུགས་པར་བརྟེན་ནས་ཞིང་འབྲོག་ཁུལ་དུ་འོད་སྐུད་དང་དྲ་ཆེན་འཁྲིད་པར་སྐུལ་མ་བཏང་བས་རང་སྐྱོང་ལྗོངས་ཡོངས་སུ་འོད་སྐུད་མཐུད་ཁ་ཁྲི་121ཟིན་ཡོད། མིག་སྔར་བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་གཏན་འཇགས་ཀྱི་དྲ་ཆེན་ཁྱབ་ཡོད་པ་དང་2020ལོར་སླེབས་སྐབས་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་ཁྱབ་པ་བྱ་རྒྱུ་དང་སྲིད་འཛིན་གྲོང་ཚོ་98%ལ་འོད་སྐུད་དང་དྲ་ཆེན་ཁྲིད་ནས་12Mཡན་ཟིན་པ་བྱ་རྒྱུ་རེད།

  འདི་ལོའི་ཟླ་6བར་རང་སྐྱོང་ལྗོངས་ཡོངས་སུ་གཏན་འཇགས་དྲ་ཆེན་སྤྱོད་མཁན་ཁྲི་50.9ཟིན་པ་དེ་དུས་མཚུངས་ལས་55.9%འཕར་བ་དང་དུས་མཚུངས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཏན་འཇགས་དྲ་ཆེན་སྤྱོད་མཁན་ལོ་གོང་མའི་ལོ་མཇུག་ལས་ཁྲི་10.8འཕར་ནས་སྤྱོད་མཁན་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་གཏན་འཇགས་དྲ་ཆེན་དུད་ཚང་ལ་ཁྱབ་ཚད་59.6%ཟིན་ཡོད། རང་སྐྱོང་ལྗོངས་ཡོངས་སུ་20Mཡན་གྱི་དྲ་ཆེན་དུད་ཚང་ལ་འཁྲིད་ཚད་ཀྱིས་85.1%ཡན་བཟུང་བ་དང་། 50Mཡན་གྱི་མྱུར་ཚད་ཀྱི་གཏན་འཇགས་དྲ་ཆེན་དུད་ཚང་དུ་འཁྲིད་ཚད་ཀྱིས་68.1%བཟུང་བ། 100Mཡན་གྱི་མྱུར་ཚད་ཀྱི་གཏན་འཇགས་དྲ་ཆེན་དུད་ཚང་དུ་འཁྲིད་ཚད་ཀྱིས་24.4%བཟུང་ཡོད་པ་རེད།རྒྱ་ཆེའི་སྤྱོད་མཁན་ཚོར་སྤུས་ལེགས་དང་། རྒྱ་ཁྱབ། སྟབས་བདེ་བཅས་ཀྱི་སྒུལ་བདེའི་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་བྱ་ཆེད། སྒུལ་བདེས་འཕྲིན་གཏོང་གི་སྦྲེལ་ཚུགས་གྲོང་གསེབ་དང་། མཛེས་ལྗོངས་ཁུལ། ལྕགས་ལམ་དང་གཞུང་ལམ་གྱི་ལམ་རྒྱུད། ཕུག་ལམ། གནམ་ཐང་སོགས་སུ་འཛུགས་རྒྱུ་རེད། འདི་ལོའི་ཟླ་6བར་བོད་ལྗོངས་སུ་སྒུལ་བདེའི་འཕྲིན་གཏོང་གི་སྦྲེལ་ཚུགས་ཁྲི་2.80ཡོད་པའི་ནང་3Gཡི་སྦྲེལ་ཚུགས་ཁྲི་1.04དང་4Gཡི་སྦྲེལ་ཚུགས་ཁྲི་1ཡོད་པ་དང་སྦྲེལ་ཚུགས་ཀྱི་བསྡོམས་འབོར་2012ལོའི་ལོ་མཇུག་ལས་ལྡབ་3འཕར་ཡོད་པ་རེད།