བོད་ལྗོངས་ཀྱི་གྲོང་གསེབ་ཏུ་བཅའ་སྡོད་བྱས་པའི་ལས་བྱེད་རུ་ཁག་གི་རུ་མིས་རྒྱུན་སྡོད་བྱེད་པ།

 
དུང་རི་ཤང་གི་ཨ་རུ་གྲོང་ཚོ།
       མི་དམངས་དྲ་བའི་འཕྲིན། དུང་རུ་ཤང་གི་ཨ་རུ་གྲོང་ཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ཆེས་མཐའ་འཁོབ་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ལ། རྫོང་ཐོག་དང་བར་ཐག་སྤྱི་ལེ་350ཙམ་ཡོད་ཅིང་། ས་བབ་མཐོ་ཚད་ལ་ཆ་སྙོམས་སྨི་4900ཡོད་པ་རེད། གནམ་གཤིས་ཞན་པའི་དབང་གིས། ཁུལ་དེའི་རྩི་ཤིང་ཁེབས་ཚད་ཆུང་ལ་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམ་ཐག་རེད། མང་ཚོགས་ཀྱི་ཡོང་འབབ་ལ་རྩྭ་རའི་ཁ་གསབ་དང་། དེ་མིན་ཕྱུག་ལས་ཐོན་རྫས་ནི་ཡོང་འབབ་གཙོ་བོ་ཡིན་པས། དཔལ་འབྱོར་ཐོན་ཚད་ཞན་ལ་དངུལ་དམར་གྱི་ཡོང་འབབ་དེ་བས་ཀྱང་ཉུང་བ་རེད།
བསྟན་འཛིན་ཕུན་ཚོགས་ནི་ལོ་གཉིས་ཀྱི་སྔོན་ལ་དུང་རི་ཤང་གིས་ཨ་རུ་གྲོང་ཚོར་མངགས་པའི་གྲོང་ཚོའི་བཅའ་སྡོད་ཀྱི་ལས་བྱེད་རུ་མི་ཞིག་རེད། གྲོང་ཚོ་དེ་ནི་ཕྱི་རོལ་འཇིག་རྟེན་དང་ཁ་བྲལ་ཡོད་པ་མཐོང་རྗེས། ཁོང་གིས་སློབ་གསོ་ནི་གྲོང་ཚོའི་བཅའ་སྡོད་ལས་ཀའི་འགོ་ཚུགས་སར་བྱས་ཡོད་དེ། ཕྱོགས་གཅིག་ནས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་བར་སྐུལ་སློང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་ཕོངས་ཁྱིམ་ཚང་དུ་བསྐྱོད་དེ་ཁོང་ཚོའི་འཚོ་བ་དངོས་ཤེས་རྟོགས་བྱས་རྗེས། ཁོང་ཚོ་ལྷ་ས་དང་མངའ་རིས་ས་ཁུལ་སྲིད་གཞུང་ཡོད་པའི་སེང་གེ་ཁ་འབབ་ཏུ་ལས་རིགས་ལག་རྩལ་གསོ་སྦྱོང་ལ་ཞུགས་སུ་འཇུག་རོགས་བྱས་ཏེ་ངལ་ལས་བྱེད་པར་སྤོ་བསྒྱུར་བྱས་པ་རེད། བསྟན་འཛིན་ཕུན་ཚོགས་ཀྱིས"རང་ཉིད་ཀྱི་ལུས་པོས་ལྕོགས་ན་ང་རང་གིས་མུ་མཐུད་འདི་གར་ལས་ཀ་བྱ་རྒྱུ་ཡིན"ཞེས་བརྗོད་པ་རེད།

  བསྟན་འཛིན་ཕུན་ཚོགས།

  རྒན་མོ་ཨ་སྐྱིད་དང་ཁ་བརྡ་བྱེད་པ།

  གྲོང་མི་རྟ་མགྲིན་གཡུ་སྒྲོལ་དང་པདྨ་སྐྱིད་གཉིས་ཀྱི་མཉམ་དུ་ཡོད་པ།