གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་གྱི་སློབ་ཆུང་ས་ཆ་གཞན་པར་སློབ་འགོ་ཚུགས་པ།

 
མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། "8•8"ཀྱི་གཟི་ཚ་སྡེ་དགུའི་ས་ཡོམ་རྗེས་ཀྱི་གཟི་ཚ་སྡེ་དགུ་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སློབ་འགོ་ཚུགས་ཤིང་། གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་གྱི་སློབ་ཆུང་གི་སློབ་མ་215དང་དགེ་རྒན་43བཅས་གཟི་ཚ་སྡེ་དགུ་རྫོང་གི་སློབ་ཆུང་གསུམ་པར་གནས་སྤོ་ནས་ས་ཆ་གཞན་དུ་སློབ་འགོ་ཚུགས་པ་རེད། ཉིན་དེར། སློབ་གྲྭ་གཉིས་ཀྱི་དགེ་སློབ་ཚང་མ་གཟི་ཚ་སྡེ་དགུ་རྫོང་གི་སློབ་ཆུང་གསུམ་པའི་རྩལ་སྦྱོང་ར་བར་འཛོམས་ཏེ་མཉམ་ཏུ"བཀའ་དྲིན་དྲན་བཞིན་མདུན་དུ་སྐྱོད"ཅེས་པའི་སློབ་ཐུན་དང་པོ་འཚོགས་པ་རེད།