སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཏེ་དགོ་བ་དམར་པོའི་གྲངས་འབོར་2010བར་བསྐྱར་འཕར་བྱུང་བ།

  མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་28ཉིན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། དགོ་བ་དམར་པོར་བརྟག་དཔྱད་སྡོམ་རྩིས་བརྒྱབ་པ་བརྒྱུད་མིག་སྔར་དགོ་བ་དམར་པོའི་གྲངས་འབོར་2010བར་བསྐྱར་འཕར་བྱུང་ཡོད་པ་རེད།

  མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ཝུའུ་ཡུང་ལིན་གྱིས། ཐེངས་འདིར་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁུལ་14དང་ལམ་རྒྱུད་17ལ་བརྟག་དཔྱད་བྱས་པར་དགོ་བ་དམར་པོ་2010མཐོང་བ་དེ་ན་ནིང་གི་དུས་མཚུངས་ལས་546འཕར་ཡོད་པ་དང་། དེ་དག་ཁྲོད་དགོ་ཕོ་422དང་། དགོ་མོ་1037 དགོ་ཕྲུག་551ཡོད་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་བརྟག་ཞིབ་བྱེད་སྐབས་དགོ་ཕྲུག་ཁྲིད་ཟིན་པ་དང་། དགོ་མོ་དང་དགོ་ཕྲུག་མཉམ་དུ་ཡོད་པས་ལྟ་ཞིབ་ཚད་ལེན་གྱི་དུས་སྐབས་ཡག་ཤོས་ལ་འཁེལ་ཡོད་པ་རེད།

  ཝུའུ་ཡུང་ལིན་གྱིས། དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟབས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཞིང་འབྲོག་པའི་དགོ་བ་དམར་པོ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་པ་དང་། ལྕགས་ར་མང་པོ་མེད་པར་བཟོས་སྟབས་དགོ་བ་དམར་པོའི་འཚོ་སྡོད་ས་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲངས་འབོར་ཡང་རིམ་བཞིན་མང་དུ་འཕར་བ་རེད་ཅེས་བརྗོད་པ་རེད།དགོ་བ་དམར་པོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། དེ་དག་ནང་སོག་དང་། མཚོ་སྔོན། ཟི་ལིང་། ཀན་སུའུ་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ཐོན་སྐྱེད་ཀྱིས་རྐྱེན་པས་སྟོངས་ཉེར་ཡོད་སྟབས་་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་མཐུན་གྱིས“འཛམ་གླིང་ཐོག་གི་ཆེས་སྟོངས་ཉེའི་སྲོག་ཆགས”གྲས་སུ་གཏན་འཁེལ་བྱས་ཡོད།