༄༅།།ཉོས་འཛིན་དང་བཙོངས་འཛིན།

༄༅། །ཉོས་འཛིན་དང་བཙོངས་འཛིན་ནི་དངོས་པོ་ཇི་ཡིན་ར་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན། དེང་སྐབས་འཛིན་ཡིག་དེ་རིགས་སྤྱིར་ན་དཔར་མ་ཤ་སྟག་ཡིན་པས་དངོས་མིང་དང༌། ཁ་གྲངས། གོང་ཚད་བཅས་རེའུ་མིག་གི་དྲ་མིག་ཁུངས་སོ་སོར་བྲིས་ན་འགྲིགའོན་ཀྱང་སྐབས་འགར་འཛིན་ཡིག་དཔར་མ་མེད་སྐབས་ཆ་ཚང་ལག་བྲིས་བྱས་ནས་མཇུག་ཏུ་རྟགས་ཐམ་རྒྱག་དགོས།

དཔེ་གཞི

ཉོས་འཛིན།

༄༅། །××འབྲོག་ར་ནས་ལྕི་བ་སྐམ་པོ་རྒྱ་མ་རེར་རིན་སྐར×བརྩིས་ཁྱོན་རྒྱ་མ་ཆིག་སྟོང་སུམ་བརྒྱར་རིན་སྒོར××སྤྲད་དེ་ཉོས་འཛིན་དུ། རྫོང་སྣེ་ལེན་ཁང་གི་རྩིས་པ××××གིས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

དཔེ་གཞི

ཉོས་འཛིན།

༄༅། །གདོང་དཀར་ཤང་ཁོངས་ཁང་གསར་ནས་འབྲུ་སོན་སྤུས་ལེགས་རྒྱ་མ་རེར་རིན་སྒོར་ཟུར×རྩིས་ཁྱོན་རྒྱ་མ་ཉིས་སྟོང་བཞི་བརྒྱ་ཐམ་པ་ལ་རིན་སྒོར××སྤྲད་དེ་སྤུས་ཉོས་བྱས་འཛིན་དུ། རྫོང་ཞིང་འབྲོག་ཅུས་ཀྱི་རྩིས་པ་ཉི་མས།

××××ལོའི་ཟླ××ཚེས×× ལ།

(ཐམ་ཀ)

དཔེ་གཞི

བཙོངས་འཛིན།

༄༅། །××××སློབ་གྲྭར་བློ་མཐུན་ཚེ་དབང་གདོང་བེར་དོའི་སོལ་བ་རྒྱ་མ་རེར་རིན་སྒོར་ཟུར××རེ་བརྩིས་ཁྱོན་རྒྱ་མ་ཆིག་སྟོང་ལྔ་བརྒྱར་རིན་སྒོར××བྱས་ཏེ་སྤུས་ཚོང་ཞུས་འཛིན་དུ། ××ཤང་ཐོན་སྐྱེད་ཚན་པའི་འགན་འཁུར་བློ་བཟང་གིས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

དཔེ་གཞི༢

བཙོངས་འཛིན

༄༅། །ཚལ་གུང་ཐང་ཤང་དབང་འདུས་ཁྱིམ་ལ་རྐང་འཁོར་རྒྱ་བྱ་རྟགས་ཅན་ཨང་གྲངས××ཁོད་པ་ཁ་བབས་གཅིག་ལ་རིན་སྒོར×××བྱས་ཏེ་བཙོངས་འཛིན་དུ། ལྷ་ས××གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སྒེར་ཚོང་རིག་འཛིན་གྱིས།

××××ལོའི་ཟླ××ནས××ལ།

(ཐམ་ཀ)

《རྒྱུན་སྤྱོད་ཡིག་རིགས་ལས》