༄༅།།བླངས་འཛིན།

༄༅། །བླངས་འཛིན་ཟེར་བ་ནི་དངུལ་ལམ་དངོས་པོ་སོགས་ཚུར་བླངས་པའི་གཞི་འཛིན་དུ་སྤྲོད་རྒྱུའི་ཡིག་རིགས་ཤིག་རེད། གལ་ཏེ་མི་གཞན་གྱི་ཚབ་བྱས་ནས་བླངས་ན་ཚབ་བྱེད་བླངས་འཛིན་བྲིས་ཀྱང་འཐུས། དེའི་འབྲི་སྟངས་ནི་གཡར་འཛིན་དང་བྱུང་འཛིན་གྱི་འབྲི་སྲོལ་དང་གཅིག་མཚུངས་ཡིན།

དཔེ་གཞི༡

བླངས་འཛིན།

༄༅། །འདི་གའི་མཛོད་ཁང་ནས་ཕྱགས་མ་ལྔ་དང༌། སྦྱག་མ་བཅུ། ཕྲག་ཤིང་བཞི། ཆུ་ཟོམ་བརྒྱད། ཐེར་ཆུང་གཅིག་བཅས་བླངས་འཛིན་དུ། ཆབ་སྲིད་ཚན་པའི་གཞུང་དོན་ཁང་གི་བཟང་མོས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

དཔེ་གཞི༢

བླངས་འཛིན།

༄༅། །བློ་མཐུན་ཟླ་དཀར་གྱི་ཟླ་བ་བཞི་པའི་གླ་ཕོགས་སྒོར་བརྒྱ་དང་ལྔ་བཅུ་ཐམ་པ་ཚེ་རིང་རྡོ་རྗེས་ངོ་ཚབ་ཞུས་པར་རྩིས་བསྩལ་བྱུང་འཛིན་དུ། གོང་མིང་ཚེ་རྡོར་པས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

《རྒྱུན་སྤྱོད་ཡིག་རིགས》ལས།