༄༅།།ཆད་འཛིན།

༄༅། །ཆད་འཛིན་ཟེར་བ་ནི་དངུལ་དང་རྒྱུ་དངོས་གང་ཞིག་སྔ་གཡར་ཕྱིར་སྤྲོད་བྱེད་སྐབས་ཆད་སྐྱོན་བྱུང་རིགས་ཁུངས་བསྒྲིག་བྱ་རྒྱུའི་གཞི་འཛིན་ཡི་གེ་ཞིག་རེད། དེའི་འབྲི་སྟངས་སྤྱིར་ན་གཡར་འཛིན་སོགས་དང་གཅིག་མཚུངས་ཡིན།

དཔེ་གཞི༡

ཆད་འཛིན

༄༅། །བདེ་སྐྱིད་གྲོང་གསར་ནས་ཁ་སྔོན་ལྕི་བ་རྩྭ་རས་ཆིག་སྟོང་དྲུག་བརྒྱ་སྔ་གཡར་བྱས་པའི་ཐོག་ད་ལམ་ལྕི་བ་རྩྭ་རས་ཆིག་སྟོང་ལྔ་བརྒྱ་ཐམ་པ་ཕུལ་འཕྲོས་ད་དུང་རྩྭ་རས་བརྒྱ་ཐམ་པ་ཆད་པ་རྣམས་འདི་ཟླའི་ནང་ཚུན་དུ་སྐྱིན་ཚབ་ཆད་མེད་གྲངས་ཚང་འབུལ་འཛིན་དུ། བདེ་སྐྱིད་ཟ་ཁང་གི་དབང་རྒྱལ་གྱིས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

དཔེ་གཞི༢

ཆད་འཛིན།

༄༅། །བཀྲས་མཐོང་པའི་ཁྱིམ་ནས་སོན་བཟང་རྒྱ་མ་ལྔ་སྟོང་ཐམ་པ་སྤུས་ཉོན་རིན་དངུལ་སྒོར་ཉིས་སྟོང་ཐོབ་པའི་ཐོག་ད་ལམ་སྒོར་ཆིག་སྟོང་བཞི་བརྒྱ་ཕུལ་འཕྲོས་དངུལ་སྒོར་དྲུག་བརྒྱ་ཆད་པ་འདི་ཟླའི་ཟླ་མཇུག་ལ་ཆད་མེད་འབུལ་འཛིན་དུ། ཆུ་མིག་ཤང་གི་རྩིས་པ་དོན་གྲུབ་ཀྱིས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

《རྒྱུན་སྤྱོད་ཡིག་རིགས》ལས།