༄༅།།འཛིན་ཡིག་གི་སྐོར།

༄༅། །འཛིན་ཡིག་ཁག་ནི་རྒྱུན་མཁོའི་འཚོ་བ་དང་ལས་ཀའི་ནང་དུ་བེད་སྤྱོད་ཆེས་མང་ལ་སྟབས་བདེ་བའི་གལ་ཆེའི་རྒྱུན་སྤྱོད་ཡིག་རིགས་ཤིག་ཡིན། དེ་ལ་ཡོངས་གྲགས་སུ་འཛིན་ཡིག་གམ་འཛིན་ཤོག་ཅེས་ཟེར་བ་རེད། འཛིན་ཡིག་གམ་འཛིན་ཤོག་ཟེར་བ་དེ་གང་ལ་ཟེར་བ་རེད་དམ་ཞེ་ན། དེ་ནི་ཚན་པ་དང་ཚན་པའི་དབར་དང༌། མི་སྒེར་དང་ཚན་པའི་དབར་དོན་དག་ངེས་ཅན་ཞིག་གི་ཆེད་དུ་ཕར་ཚུར་ར་སྤྲོད་བྱེད་གཞིར་བེད་སྤྱོད་པའི་ཡིག་རིགས་ལ་ཟེར། དེ་ཡང་ཞིབ་པར་བརྗོད་ན། ནོར་དོན་དང་བདག་གཉེར་གྱི་འགྲོ་ལུགས་ནང་ནོར་དོན་ལས་མི་དང༌། བདག་གཉེར་བ། དེ་བཞིན་ལས་ཀ་དེ་དང་འབྲེལ་བ་ཡོད་པའི་མི་གང་རུང་ཞིག་གིས་གནས་སྐབས་རིང་དངུལ་ལམ་རྒྱུ་དངོས་གང་ཞིག་གཡར་ལེན་བྱས་པ་དེ་རྗེས་སུ་ཕྱིར་ལེན་བྱེད་བདེ་ཡོང་ཆེད་དཔང་རྟགས་གཞི་འཛིན་དུ་ཉར་ཚགས་བྱེད་ཀྱི་ཡོད།
          ཚན་པ་དང་མི་སྒེར་སོགས་ཕན་ཚུན་དབར་འཇོག་རྒྱུའི་འཛིན་ཤོག་དེ་རིགས་ལ་སྤྱིར་རྣམ་པ་དྲུག་ཙམ་ཡོད་པ་སྟེ། གཡར་འཛིན་བཅས་ཡོད་པ་སྟེ། གཡར་འཛིན་དང༌། བྱུང་འཛིན། བླངས་འཛིན། ཆད་འཛིན། ཉོས་འཛིན།བཙོངས་འཛིན་བཅས་ཡོད་པ་དེ་དག་གི་འབྲི་སྲོལ་ཕལ་ཆེར་འདྲ་མཚུངས་ཡིན་མོད། འོན་ཀྱང་འཛིན་ཡིག་མི་འདྲ་བ་སོ་སོའི་ནང་དོན་དང༌། འགོ་མཇུག་བར་གསུམ་བཅས་ཡིག་སྲོལ་དང་མཐུན་པ་ཁ་གསལ་ཁམས་དྭངས་དགོས་པ་ལས་རང་བཞིན་སླ་བཅོས་བྱས་ན་མི་འགྲིགལྷག་དོན་འཛིན་ཡིག་འབྲི་སྐབས་དོ་སྣང་བྱེད་དགོས་པའི་ནང་དོན་བཞི་ཙམ་ཡོད་པ་སྟེ། འཛིན་ཡིག་གི་འགོ་ཐོད་དཀྱིལ་དབུས་སུ་འཛིན་ཡིག་གི་རིགས་གྲས་མཚོན་པའི་ཁ་བྱང་གསལ་པོ་བྲི་དགོས་པ་དང་གཅིགཚན་པའམ་མི་སྒེར་གྱི་མིང་དང༌། དངུལ་དང་དངོས་པོ་གང་རུང་གི་མིང་དང༌། ཁ་གྲངས། ལེགས་ཉེས། བཟོ་དབྱིབས། སྤུས་ཚད་སོགས་ངེས་པར་དུ་ཞིབ་གསལ་བྲི་དགོས་པ་དང་གཉིས། འཛིན་ཤོག་འབྲི་མཁན་གྱི་མིའི་མིང་ངམ་ཚན་པ་གང་ཡིན་བྲི་དགོས་པ་དང་གསུམ། ལོ་ཟླ་ཚེས་གྲངས་གསལ་པོ་བྲིས་ཐོག་ཚན་པའམ་མི་སྒེར་གྱི་རྟགས་ཐམ་རྒྱག་དགོས་པ་དང་བཞི་བཅས་སོ།།