ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆུ་སྦགས་བཙོག་འགོག་བཅོས་བྱེད་ཐབས་སྐོར་གྱི་བཅའ་ཁྲིམས་ནང་ལ་ཅི་ཞིག་བསྟན་ཡོད།

   1984ལོའི་ཟླ5ཚེས11ཉིན་སྐབས་དྲུག་པའི་རྒྱལ་ཡོས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་རླུང་སྦགས་བཙོག་འགོག་བཅོས་བྱེད་ཐབས་སྐོར་གྱི་བཅའ་ཁྲིམས་གྲོས་འཆམ་བྱུང་བ་རེད། བཅའ་ཁྲིམས་དེ་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་། འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་རྒྱུར་ཐུག་ནས་བྱུང་བའི་སྤྱི་ཚོགས་འབྲེལ་བ་ལེགས་སྒྲིག་བྱེད་པའི་བཅའ་ཁྲིམས་ཚད་ལྡན་བཟོས་པ་ཞིག་རེད། དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་སུ་ཡོད་པའི་གཙང་ཆུ་དང་། མཚེའུ། ཟོག་འདྲེན་ཆུ་བོ། ཡུར་པོ། ཆུ་རྫིང་སོགས་ས་ངོས་ཀྱི་ཆུ་དང་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་ཐད་བེད་སྤྱོད་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཚན་པས་ཁྲིམས་ལུགས་འདི་གཞིགས་ནས་ལག་བསྟར་བྱ་ཐབས་ཞིབ་ཕྲ་གཏན་འཁེལ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱས་པའོ།།