དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་བ་སྟེ2017ལོར་རང་ཞིང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ནི་ཅི་ཡིན་པ།

  2017ལོར་རང་ཞིང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ནི་ཅི་ཡིན་ཞེ་ན།ཧྲིན་ཀྲང་ཝང་ཅན་ཅུན་གྱིས་དབུལ་ཐར་འགག་སྒྲོལ་བྱ་བའི་ཁྲོད་བསྟན་དོན།གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བ་བཟང་བོར་བསྒྲུབ་ནས1+8+10རྣམ་པའི་ཁུ་ཚུར་སྡེབ་སྒྲིག་བྱས་ཏེ།དབུལ་སྐྱོར་ལམ་སྲོལ་གསར་སྐྲུན་བྱས་ནས།མུ་མཐུད་དུ་མ་རྩ་གསོག་པ་དང་མ་རྩ་བཟོ་བ།མ་རྩ་ཤོར་བར་བཀག་འགོག་བྱེད་པ།དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་སྐྱོར་གནས་སྤོའི་བྱ་བ་རྩ་འཛུགས་བྱེད་པ།ས་གནས་འཕེལ་རྒྱས་ཀྱི་ཡུལ་བབ་དང་བསྟུན་ནས་རྒྱུད་མཐུད་ཐོན་ལས་གོང་འཕེལ་དུ་བཏང་སྟེ།དབུལ་སྐྱོར་གནད་ལ་ཁེལ་བ་དང་མཁོ་སར་གཏོང་བའི་དོན་དངོས་ལ་གཞིགས་ནས་དབུལ་ཕོངས་རྫོང་11དབུལ་ཐར་བྱེད་པ་དང་།དབུལ་ཕོངས་སྡེ་བ500དབུལ་ཕོངས་ལས་ཐར་བ།དབུལ་ཕོངས་མང་ཚོགས་ཁྲི14དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།