གཉེན་སྒྲིག་བཅའ་ཁྲིམས་ཀྱི་བསྟན་དོན་ཅི།

  གཉེན་སྒྲིག་བཅའ་ཁྲིམས་ནི་གཉེན་སྒྲིག་དང་ཁྱིམ་ཚང་ལམ་ལུགས་ཀྱི་དམིགས་བསལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། དེར་རྒྱས་དོན་དང་བསྡུས་དོན་གཉིས་ཡོད། གཉེན་སྒྲིག་བཅའ་ཁྲིམས་ཀྱི་བསྡུས་དོན་ནི་གཉེན་སྒྲིག་བྱས་པ་དང་ཐོར་བ། དེ་བཞིན་གཉེན་སྒྲིག་གི་ནུས་པ་སྟེ། བཟའ་ཚང་བར་ཁེ་དབང་དང་འོས་འགན་གྱི་བཅའ་ཁྲིམས་ཤིག་ཡིན་ཞིང་། དེའི་ནང་དོན་ནི་གཉེན་སྒྲིག་ཕུད་པའི་གནད་དོན་གཞན་པ་ཚུད་མེད། གཉེན་སྒྲིག་བཅའ་ཁྲིམས་རྒྱས་ས་ནས་བཤད་ན་ལེགས་སྒྲིག་བྱེད་སའི་ཁ་གཏད་གཉེན་སྒྲིག་ཁོ་ན་མ་ཡིན་པར། ད་དུང་གཉེན་སྒྲིག་གི་རྨང་གཞིའི་ཐོག་བྱུང་བའི་ཁྱིམ་ཚང་གི་འབྲེལ་བ་ཚུད་ཡོད། ཀྲུང་གོའི་གཉེན་སྒྲིག་གི་བཅའ་ཁྲིམས་རྒྱ་ཆེན་པོ་ཡོད་དེ། གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་ཚུད་ཡོད། ཀྲུང་གོའི་གཉེན་སྒྲིག་གི་བཅའ་ཁྲིམས་རྒྱ་ཆེན་པོ་ཡོད་དེ། གཉེན་སྒྲིག་ཁྱིམ་ཚང་གི་བཅའ་ཁྲིམས་ཡིན། ཀྲུང་གོའི་གཉེན་སྒྲིག་བཅའ་ཁྲིམས་ནི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་བྱུང་བ་ནས་མཇུག་མ་འགྲིལ་བར་དང་། དེ་བཞིན་གཉེན་སྒྲིག་ཁྱིམ་ཚང་གི་གྲུབ་ཆ་གཙོ་བོའི་བར་ཁེ་དབང་དང་འོས་འགན་གཏན་འཁེལ་བྱས་པའི་བཅའ་ཁྲིམས་ཀྱི་ཚད་ལྡན་སྤྱི་མིང་ཞིག་རེད། གཉེན་སྒྲིག་བཅའ་ཁྲིམས་ནི་བཅའ་ཁྲིམས་གཞན་པ་འདྲ་བར་རྒྱལ་ཁབ་ཀྱིས་གཏན་འབེབས་བཟོས་པའམ་ཁས་ལེན་པ་མ་ཟད་རྒྱལ་ཁབ་ཀྱིས་བཙན་པོའི་ཐོག་ནས་ལག་བསྟར་བྱེད་ཐུབ་པའི་བྱ་སྤྱོད་ཚད་ལྡན་ཞིག་རེད། དུས་མཚུངས་དེར་ལོ་རྒྱུས་ཀྱི་རང་བཞིན་དང་མི་རིགས་ཀྱི་རང་བཞིན་ཆེན་པོ་ལྡན་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་བའི་རྒྱལ་ཁབ་ཏུ་གཉེན་སྒྲིག་ཁྱིམ་ཚང་ཐད་ཧེ་བག་ཆེན་པོ་གནས་སྲིད། གཉེན་སྒྲིག་བཅའ་ཁྲིམས་ལ་མི་ཆོས་ཀུན་སྤྱོད་ཀྱི་བག་ཆགས་ཟབ་པོ་ཡོད་པར་བརྟེན། དབང་བསྒྱུར་གྲལ་རིམ་གྱིས་ག་དུས་ཡིན་ནའང་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོར་གཉེན་སྒྲིག་བཅའ་ཁྲིམས་ཀྱི་བྱུང་སྟངས་ནི་རེ་འགའ་ཞིག་མ་ཡིན་པར་གཉེན་སྒྲིག་བཅའ་ཁྲིམས་ནི་རྩ་ཁྲིམས་གཞིར་རུ་འཛིན་ནས་དམངས་ཁྲིམས་ཀུན་འཕྲོད་སྒྲིག་སྲོལ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ཉམས་ལེན་བྱས་ནས་གྲུབ་པའི་བཅའ་ཁྲིམས་ཚད་ལྡན་མ་ལག་ཅིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས1950ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉེན་སྒྲིག་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་རྒྱལ་ཡོངས་མི་དམངས་མཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉེན་སྒྲིག་བཅའ་ཁྲིམས་དག་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དེ་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་ཉེར་གཅིག་པ། 2001ལོའི་ཟླ4པར་གྲོས་འཆམ་བྱུང་ནས་ལག་བསྟར་བྱེད་འགོ་ཚུགས།