མཚམས་སྦྱོར་བརྡ་ཁྱབ་རྫུན་མ་སྒྲོག་སྤེལ་བྱས་པའི་བརྙན་འཕྲིན་ཁང་གིས་བཅའ་ཁྲིམས་ཀྱི་འགན་འཁྲི་ག་འདྲ་ཞིག་འཁུར་དགོས་སམ།

ལན།འདི་ནི་མཚམས་སྦྱོར་བརྡ་ཁྱབ་བདག་གཉེར་བྱེད་མཁན་གྱིས་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱི་ཚོང་གཉེར་བའི་མིང་ངོ་མ་དང་། སྡོད་གནས་སོགས་གསལ་བཤད་བྱེད་མ་ཐུབ་ལས་བྱུང་བའི་འཛད་སྤྱོད་ཐད་ཀྱི་དཔེ་མཚོན་གྱོད་གཞི་ཞིག་རེད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ན། འཛད་སྤྱོད་པས་གཤམ་གསལ་ཐབས་ལམ་གཉིས་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཆོག་པ་སྟེ། ⑴ མཚམས་སྦྱོར་བརྡ་ཁྱབ་ལས་གཉེར་བྱེད་མཁན་གྱི་བརྙན་འཕྲིན་ཁང་གི་ཕྱོགས་ལ་སྐྱིན་ཚབ་གཙང་འཇལ་བྱེད་དགོས་པའི་རེ་བ་བཤད་པ་སྟེ། རྒྱུ་མཚན་ནི་མཚམས་སྦྱོར་བརྡ་ཁྱབ་ལས་གཉེར་བྱེད་མཁན་གྱིས་འཛད་སྤྱོད་པའི་གནས་ཚུལ་དངོས་ཤེས་དབང་ལ་བཙན་གནོད་གཏང་བ་ཡིན། དེར་བརྟེན། འཛད་སྤྱོད་པས་ཚོང་གཉེར་བྱེད་མཁན་འཚོལ་རྙེད་བྱ་མི་ཐུབ་པའི་གནས་ཚུལ་གྱི་འོག་ནས། མཚམས་སྦྱོར་བརྡ་ཁྱབ་ལས་གཉེར་བྱེད་མཁན་ཏེ་བརྙན་འཕྲིན་ཁང་གི་ཕྱོགས་ལ་སྐྱིན་གསབ་འགན་ལེན་བྱེད་དུ་འཇུག་དགོས། ⑵ འཛད་སྤྱོད་པས་མཚམས་སྦྱོར་བརྡ་ཁྱབ་རྫུན་མ་ཁྱབ་བསྒྲགས་བྱས་པའི་ལས་གཉེར་བརྙན་འཕྲིན་ཁང་དེ་ལ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆད་པ་གཅོད་རོགས་ཞུ་བ་སྟེ། མཚམས་སྦྱོར་བརྡ་ཁྱབ་ལས་གཉེར་བྱེད་མཁན་དང་འཛད་སྤྱོད་པའི་བར་ན་ཐད་ཀའི་འབྲེལ་མ་ནི་མེད་ཀྱང་། ཡིན་ན་ཡང་ཁོ་རང་ཉིད་བརྡ་ཁྱབ་རྫུན་མ་སྒྲོག་སྤེལ་བྱེད་པའི་བྱ་བའི་ཁྲོད་དུ་ཞུགས་ཟིན་པས། འདི་ནི་འཛད་སྤྱོད་པའི་གནས་ཚུལ་དངོས་ཀྱི་ཤེས་དབང་ལ་བཙན་གནོད་བཏང་བའི་བྱ་སྤྱོད་ཡིན་པའི་ཁར། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཡིན་པའི་ཁར། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཞིག་ཀྱང་ཡིན་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། 《མཚམས་སྦྱོར་བརྡ་ཁྱབ་སྐོར་གྱི་བཅའ་ཁྲིམས》དང《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་རྒྱབ་འགལ་ཆེན་པོ་བྱས་ཡོད་པ་ཡིན། རང་རྒྱལ་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིང་གཞུང་གི་བཟོ་ཚོང་སྲིད་འཛིན་ལས་ཁུངས་ནི། མཚམས་སྦྱོར་བརྡ་ཁྱབ་ལ་ལྟ་རྟོག་དོ་དམ་བྱེད་པའི་ལས་ཁུངས་ཡིན་པས། འདི་ལ་ཆད་གཅོད་ཀྱི་དབང་ཆ་ལག་ཏུ་བསྟར་དབང་ཡོབ། ཡང་ཅིག་བཤད་ན། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ཐད་ཀར་རང་ཉིད་ཀྱི་འགན་བབ་དབང་ཆ་ལ་བརྟེན་ནས་ཞིབ་བཤེར་ཐག་གཅོད་བྱས་ན་ཆོག་དེར་བརྟེན། གྱོད་དཔེ་འདིར་མཚམས་སྦྱོར་བརྡ་ཁྱབ་རྫུས་མ་སྒྲོག་སྤེལ་བྱས་པའི་བརྙན་འཕྲིན་ཁག་གིས་དེ་འབྲེལ་གྱི་དམངས་དོན་འགན་འཁྲི་འཁུར་དགོས་པའི་ཁར། འབྲེལ་ཡོད་སྲིན་འཛིན་སྡེ་ཁག་གི་ཆད་གཅོད་ཀྱང་ཁུར་དགོས། ཚོང་གཉེར་བྱེད་མཁན་གྱིས་མཚམས་སྦྱོར་བརྡ་ཁྱབ་རྫུན་མ་སྤྱད་ནས་ཚོང་ཟོག་གམ་ཞབས་ཞུ་འདོན་སྤྲོད་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཐེབས་པ་ཡིན་ན་ཚོང་གཉེར་བྱེད་མཁན་ལ་སྐྱིན་ཚབ་སྤྲོད་དུ་འཇུག་དགོས་པའི་རེ་བ་བཏོན་ཆོག མཚམས་སྦྱོར་བརྡ་ཁྱབ་བདག་གཉེར་བྱེད་མཁན་གྱིས་མཚམས་སྦྱོར་བརྡ་ཁྱབ་རྫུན་མ་ཁྱབ་བསྒྲགས་བྱས་པ་ཡིན་ན། འཛད་སྤྱོད་པས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཆད་པ་གཅོད་རོགས་ཞུ་བའི་རེ་བ་བཏོན་ཆོག མཚམས་སྦྱོར་བརྡ་ཁྱབ་བདག་གཉེར་བྱེད་མཁན་གྱིས་བདག་གཉེར་བྱེད་མཁན་གྱི་མིང་ངོ་མ་དང་སྡོད་གནས་སོགས་གསལ་བཤད་བྱེད་མ་ཐུབ་པ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་མཚམས་སྦྱོར་བརྡ་ཁྱབ་ལ་བརྟེན་ཏེ་ཚོང་ཟོག་གང་ཡང་ན་ཞབས་ཞུའི་སྐོར་གྱི་དྲིལ་བསྒྲགས་རྫུན་མ་བྱེད་རིགས། མཚམས་སྦྱོར་བརྡ་ཁྱབ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མཚམས་སྦྱོར་བརྡ་ཁྱབ་ཀྱི་བདག་པོར་དེ་འགྲེམ་སྤེལ་བྱེད་མཚམས་འཇོག་ཏུ་འཇུག་པའི་ཁར་རྒྱ་ཁྱོན་བབ་མཚུངས་ནང་མཚམས་སྦྱོར་བརྡ་ཁྱབ་ཀྱི་གྲོན་དངུལ་གྲངས་མཚུངས་བཏང་སྟེ་མངོན་གསལ་དུ་ནོར་བཅས་བྱད་ཏེ་ཤུགས་རྐྱེན་ངན་པ་སེལ་རྒྱུ་མ་ཟད། མཚམས་སྦྱོར་བརྡ་ཁྱབ་གྱི་གྲོན་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔའི་མན་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁག་འགན་འཁུར་དགོས་པའི་མཚམས་སྦྱོར་བརྡ་ཁྱབ་གཉེར་སྐྱོང་བྱེད་མཁན་དང་འགྲེམ་སྤེལ་བྱེད་མཁན་གྱི་མཚམས་སྦྱོར་བརྡ་ཁྱབ་ཀྱི་གྲོན་དངུལ་གཞུང་བཞེས་གཏོང་རྒྱུ་དང་དུས་མཚམས་སྦྱོར་བརྡ་ཁྱབ་ཀྱི་གྲོན་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔའི་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་བཅའ་ཁྲིམས་ལྟར་དེའི་མཚམས་སྦྱོར་བརྡ་ཁྱབ་ཀྱི་ལས་སྒོ་གཉེར་མཚམས་འཇོག་ཏུ་འཇུག་རྒྱུ། བྱས་ཉེས་སུ་གྲུབ་པ་རྣམས་ལ་བཅའ་ཁྲིམས་ལྟར་དེའི་ཉེས་འགན་བདའ་འདེད་བྱ་རྒྱུ།