འཚོ་བར་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་མིས་ཇི་ལྟར་སྡེ་བ་དང་ཞང་གི་རོགས་སྐྱོར་ལོངས་སུ་སྤྱོད་དགོས་པ།

  གྱོད་དཔེ།

  ཚེ་མོ་ནི་སྐྱེས་མ་ཐག་ཏུ་བུ་མོ་འོན་ལྐུགས་ཤིག་ཡིན་པས། མིག་ཤུགས་ཀྱང་དེ་འདྲའི་བཟང་རྒྱུ་མེད་ལ།རིམ་བཞིན་མོ་ནར་སོན་རྗེས། མོའི་ཕ་མ་གཉིས་ལའང་བུ་དང་བུ་མོ་ཇེ་མང་དུ་སོང་བར་མ་ཟད། ཚེ་མོའི་འཚོ་བར་ཧ་ཅང་དཀའ་ངལ་ཡོད་པས།མོའི་ཕ་མ་གཉིས་ཀྱིས་གོང་རིམ་ཞང་མི་དམངས་སྲིད་གཞུང་ལ་གསོ་སྐྱོང་འགན་ལེན་སྙན་ཞུ་ཞུས་པ་དང་།གོང་རིམ་ཞང་མི་དམངས་སྲིད་གཞུང་གིས་མོའི་གསོ་སྐྱོང་འགན་ལེན་སྙན་ཞུར་ཆོག་མཆན་མ་བཀོད་ཅིང་། ཞང་མི་དམངས་སྲིད་གཞུང་གིས་མོར་བཀོད་སྒྲིག་བྱས་ཏེ་ཞང་གི་ཐུན་མོང་ཁེ་ལས་ཀྱི་བལ་གོས་བསླེས་ཐག་བཟོ་གྲྭ་ཞིག་ཏུ་མངགས། མོའི་ལས་ཀ་གཙོ་བོ་ནི་བཟོ་གྲྭ་དེའི་ནང་དུ་སྟོད་གོས་ཕུ་ཐུང་ཅན་སོགས་ལ་འཚེམ་བཟོ་རྒྱག་རྒྱུ་དེ་ཡིན། ཡིན་ཡང་མོའི་ཕ་མ་གཉིས་ཀྱིས་མོ་བཟོ་གྲྭ་དེར་འགྲོ་རུ་མ་བཅུག་པ་དང་། ཁྱིམ་ནས་འདུག་དགོས་པའི་གནས་ཚུལ་སོགས་བཤད་ནས་ཞང་མི་དམངས་སྲིད་གཞུང་གིས་དཀའ་ངལ་གྱི་དབུལ་སྐྱོབ་གནང་དགོས་པའི་རེ་འདུན་ཞུས།

  ཕྲན་བཤད།

  ཚེ་མོས་ཞང་མི་དམངས་སྲིད་གཞུང་གི་རོགས་སྐྱོར་བཀོད་སྒྲིག་ལྟར་དུ་རང་རྐྱ་འཕེར་བའི་སྒོ་ནས་འཚོ་བར་བརྩོན་ལེན་བྱས་ཆོག རང་རྒྱལ་གྱི་དབང་བོ་སྐྱོན་ཅན་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན41པའི་གཏན་ཁེལ་ལྟར་ན། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ངལ་རྩོལ་བྱེད་ནུས་མེད་པའི་མི་དང་། ཁྲིམས་བཀོད་གསོ་སྐྱོང་མེད་པའི་མི། འཚོ་བའི་ཡོང་ཁུངས་ཅི་ཡང་མེད་པའི་དབང་བོ་སྐྱོན་ཅན་མི་ལ་གསོ་སྐྱོང་དང་དབུལ་སྐྱོབ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དུས་མཚུངས་སུ་ཡང་གཏན་ཁེལ་བྱས་ཡོད་པ་ནི་དབང་བོ་སྐྱོན་ཅན་མི་ཡོད་སའི་ལས་ཁུངས་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་རིམ་གྱིས་རྩ་འཛུགས་བྱས་ནས་དབང་བོ་སྐྱོན་ཅན་མིའི་ཁྱིམ་ཚང་ལ་སྐུལ་མ་དང་རོགས་རམ་བྱས་ནས་སྤྱི་ཚོགས་ཉེན་སྲུང་ལ་ཞུགས་སུ་འཇུག་དགོས་པར་མ་ཟད། རྗེས་སུ་རྒས་འཁོགས་སུ་གྱུར་ནས་ནད་རྐྱེན་འབྱུང་བའི་སེམས་ཁུར་སོགས་ལ་དཀའ་ངག་ཅི་ཡང་མེད་པ་བྱེད་དགོས།

རྩོམ་འཇུག་པ། ལྷ་ཆེན་རྒྱལ།