ས་ཞིང་སྟེང་འཛུགས་སྐྲུན་བྱས་ཚེ་ཆད་པ་ཇི་ལྟར་གཅོད་དགོས་པ།

  《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་དོན་གསུམ་པའི་གཏན་ཁེལ་ལྟར་ན། ས་ཞིང་ཐོག་ཏུ་གཞིས་ཁང་སོགས་འཛུགས་སྐྲུན་བྱས་ཚེ་ཆད་པ་གཅོད་སྟངས་ལ་གཤམ་གྱི་འདི་དག་ཡོད་དེ།

  གཅིག དུས་ལྟར་ཁྲིམས་དང་འགལ་བའི་ས་ཞིང་སྟེང་གི་འཛུགས་སྐྲུན་དངོས་པོ་མེད་པར་བཟོ་དགོས།

  གཉིས། ནག་ཉེས་བཟོ་མཁན་ལ་ཆད་པ་གཅོད་པ།

  གསུམ། གཙོ་འགན་འཁུར་མཁན་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པ་དང་། ཉེས་པ་ལྗིད་མོ་ཅན་ལ་ཉེས་ཁྲིམས་ནན་མོ་གཅོད་ངེས།