ཅི་ཞིག་ལ་ཞིང་སྡེའི་ས་ཞིང་བདག་གཉེར་ཁེ་དབང་ཟེར།

  ཞིང་སྡེའི་ས་ཞིང་བདག་གཉེར་ཁེ་དབང་ཞེས་པ་ནི། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་མི་སྣས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དུས་བཅད་ནང་དུ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ས་ཞིང་དང་ནགས་ཚལ། རི་རྒྱུད། རྩྭ་ཐང་། མྱ་ངམ་ཐང་། ས་རྒོད། ཆུ་སོགས་སྤྱོད་པའི་དབང་ཆའི་སྤྱི་མིང་ལ་ཟེར་ཞིང་།ཞིང་སྡེའི་ས་ཞིང་བདག་གཉེར་ཁེ་དབང་ནི་དངོས་པོའི་ཁེ་དབང་སྲུང་སྐྱོང་བྱེད་པའི་དབང་ཆ་ཞིག་ཡིན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་ཞིང་སྡེའི་ས་ཞིང་བདག་གཉེར་ཁེ་དབང་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཐོབ་པའི་དབང་ཆ་ཞིག་ཡིན་པས། མི་སྒེར་སུ་དང་རྩ་འཛུགས་གང་གིས་ཀྱང་ཐེ་གཏོགས་བྱ་མི་ཆོག་པ་གཏན་ལ་ཕབ་ཡོད།

  རྩོམ་འཇུག་པ། ཡུལ་ལྷ་ཐར།