ཅི་ཞིག་ལ་རྒྱུ་ནོར་གྱི་འབྲེལ་བ་དང་མི་ལུས་ཀྱི་འབྲེལ་བ་ཟེར།

  རྒྱུ་ནོར་གྱི་འབྲེལ་བ་ཟེར་བ་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་ཐོན་སྐྱེད་དང་བགོ་བཤའ། བརྗེ་རེས། འཛད་སྤྱོད་བཅས་བྱེད་སྐབས་བྱུང་བའི་དཔལ་འབྱོར་གྱི་འབྲེལ་བ་དེ་ཡིན། དཔེར་ན་ཉོ་འཚོང་དང་བསྐྱི་གཡར། བོགས་མར་གཏོང་ལེན་བཅས་བར་གྱི་འབྲེལ་བ་ཡིན། འབྲེལ་བ་དེ་དག་སྦྱི་དམངས་བར་དང་། ཁྲ་ལྷམ་མེས་མིའི་བར། སྤྱི་དམངས་དང་ཁྲིམས་མིའི་བར་གང་ལ་བྱུང་ན། དོ་བདག་ཕྱོགས་གཉིས་པོའི་གོ་གནས་འདྲ་མཉམ་ཡིན་ལ། རིན་མཉམ་གླ་ཡོད་ཀྱི་རང་བཞིན་ལྡན་མོད། འོན་ཀྱང་། དཔེར་ན་སྲིད་གཞུང་གིས་དཔལ་འབྱོར་ལ་དོ་དམ་བྱེད་པ་དང་། རྒྱལ་ཁབ་དང་ཁེ་ལས་བར་གྱི་འབྲེལ་བ། ཁེ་ལས་ནང་ཁུལ་དཔལ་འབྱོར་འབྲེལ་བ་དང་སྲིད་འཛིན་དོ་དམ་གྱི་འབྲེལ་བ་སོགས་ནི་འདྲ་མཉམ་གྱི་བྱེད་པའི་བར་གྱི་དཔལ་འབྱོར་འབྲེལ་བ་མིན་སྟབས། དམངས་ཁྲིམས་ཀྱི་མཐུན་འགྲིག་བྱེད་ཁོངས་སུ་མི་གཏོགས། མིའི་ལུས་ཁམས་ཀྱི་འབྲེལ་བ་ནི་ལུས་ཁམས་དང་འབྲེལ་མི་རུང་བ་ཞིག་ཡིན་ཡང་རྒྱུ་ནོར་ཐད་ཀར་ལ་འབྲེལ་བ་མེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་རེད། དཔེར་ན་རུས་མིང་དང་སྙན་གྲགས། གཟི་བརྗིད་མཚན་སྙན་གྱི་རང་དབང་། ཚེ་སྲོག་བདེ་ཐང་གི་རང་དབང་། འདྲ་པར་གྱི་རང་དབང་སོགས་སོ༎

  རྩོམ་འཇུག་པ། ཡུལ་ལྷ་ཐར།