སྡེ་དམངས་རང་སྐྱོང་བྱ་བར་དོན་ཚན་གཙོ་བོ་གང་དག་ཡོད།

  སྡེ་དམངས་རང་སྐྱོང་བྱ་བར་གཤམ་གསལ་གྱི་དོན་ཚན་གཙོ་བོ་འདི་དག་ཡོད་དེ། གཅིག སྡེ་དམངས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་གཏོར་བ། གཞི་རྒྱའི་ཆེ་ཆུང་ལེགས་སྒྲིག་བྱེད་པ་དང་། གཉིས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་གདམ་པ་དང་གོ་གནས་བསྐོ་འཐེན། གསུམ། སྡེ་དམངས་ཚོགས་འདུ་འཚོག་སྟེ་དོན་དག་གལ་ཆེན་ལ་གྲོས་མོལ་བྱེད་པ། བཞི། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་ཀྱི་ཚོགས་འདུར་མགོ་སྡུད་བརྒྱབ་སྟེ་བྱ་བའི་གནས་ཚུལ་ཡར་ཞུ་བྱེད་པ་དང་། སྡེ་དམངས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་བྱེད་པ། ལྔ། སྡེ་དམངས་ཚོ་དཔོན་འདེམས་བསྐོ་བྱེད་པ། དྲུག བཅའ་ཁྲིམས་ཀྱིས་ཐག་གིས་བཅད་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་ཚོགས་འདུ་འཚོག་སྟེ་གྲོས་མོལ་བྱས་ནས་གཏན་ལ་ཕབ་པའི་བྱ་བ་གོང་རིམ་ལ་སྙན་ཞུ་འབུལ་བ། བདུན། སྡེ་དམངས་འཐུས་ཚབ་པ་འདེམས་སྒྲིག་དང་སྡེ་དམངས་འཐུས་ཚབ་ཚོགས་འདུ་བསྡུ་བ། སྡེ་དམངས་ཚོགས་འདུ་བསྡུ་བའི་དབང་ཆ་དང་སྡེ་དམངས་འཐུས་ཚབ་ཚོགས་འདུའི་གྲོས་མོལ་བརྒྱུད་དེ་གཏན་ལ་ཕབ་པའི་བྱ་བ། བརྒྱད། བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དང་ལས་འགན། ཁེ་དབང་དང་འོས་འགནསོགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པ།

  རྩོམ་འཇུག་པ། ཡུལ་ལྷ་ཐར།