འགན་སྤྲོད་མཁན་གྱིས་ས་ཆ་གཅིག་འགན་གཙང་ལེན་མཁན་གཉིས་ལ་གན་རྒྱ་བཞག་ཚེ། ས་ཞིང་འགན་གཙང་ལེན་བདག་གཉེར་ཁེ་དབང་སུ་ལ་དབང་ངམ།

  སྤྱིར་བཏང་དུ་ས་ཞིང་སྤྲོད་མཁན་གྱིས་ས་ཆ་གཅིག་འགན་གཙང་ལེན་མཁན་གཉིས་ལ་གན་རྒྱ་བཞག་མི་ཆོག་མོད། འོན་ཀྱང་དོན་དངོས་འཚོ་བའི་ཁྲོད་དུ་དེ་འདྲའི་གནས་ཚུལ་འབྱུང་གིན་ཡོད། རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། འགན་སྤྲོད་མཁན་གྱིས་ས་ཞིང་འགན་གཙང་ལེན་མཁན་གཉིས་ལ་གན་རྒྱ་བཞག་ཚེ། དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གཤམ་གསལ་ལྟར་ཐག་གཅད་དགོས།

  1. སུ་ཞིག་གིས་ཁྲིམས་དང་མཐུན་པའི་སྒོ་ནས་འགན་གཙང་ལེན་གྱི་གན་རྒྱ་བཞག་ཡོད་ཚེ་དེ་ལ་བདག་གཉེར་གྱི་ཁེ་དབང་ཡོད།

  2. གལ་ཏེ་མི་འགའ་ཞིག་གིས་མཉམ་དུ་གན་རྒྱ་བཞག་ཡོད་ཚེ། སྔོན་དུ་གན་རྒྱ་འཇོག་མཁན་ལ་འགན་གཙང་ལེན་གྱི་བདག་གཉེར་ཁེ་དབང་འཐོབ་སྲིད།

  3. ད་རུང་དབྱེ་འབྱེད་གསལ་བོ་ཞིག་བྱ་མི་ཐུབ་ཚེ། འགན་གཙང་ལེན་གན་རྒྱ་འཇོག་མཁན་སུ་ཞིག་གིས་ཁྲིམས་མཐུན་སྒོས་ས་ཞིང་བཀོལ་སྤྱོད་བྱེད་ཀྱིན་ཡོད་ན། འགན་གཙང་ལེན་བདག་གཉེར་ཁེ་དབང་དེར་དབང་བ་ཡིན།

  རྩོམ་འཇུག་པ། ཡུལ་ལྷ་ཐར།