ཀོས་ནན་ཉེན་རྟོག་པས་རྒྱལ་འཇོག་གྱོད་དོན་ཞིག་ཐག་གཅོད་བྱས་པ།

  ཉེ་སྔོན། ཀོས་ནན་རྫོང་སྤྱི་བདེ་ཅུས་མགྲོན་ཁང་དང་དྲ་ཁང་། གླ་གཏོང་ཁང་བ་སོགས་ལ་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་ཏེ། སྔ་གཞུག་ཏུ་རྒྱལ་འཇོག་ཁང7གཏོར་ནས། མ་ཅང་འཕྲུལ་ཆས11རྩིས་ལེན་དང་། རྒྱལ་འཇོག་མི50འཛིན་བཟུང་བྱས། རྒྱལ་འཇོག་ཁང་འདི་དག་གི་རྒྱལ་དངུལ་ཅུང་ཉུང་བའི་ཉེས་ཆད་གཅོད་པའི་ཆ་རྐྱེན་ལོངས་མེད་པས། རྒྱལ་འཇོག་ཁང་གི་མགོ་བ་རེར་སྒོར200ཡི་ཆད་པ་བཅད་པ་དང་། རྒྱལ་འཇོག་མཁན་དག་ལ་ཐ་ཚིག་བསྒྲགས་པ་དང་། མ་ཅང་འཕྲུལ་ཆས་སོགས་མེད་པར་བཟོས།

རྩོམ་འཇུག་པ། ཡུལ་ལྷ་ཐར།