སྤྱི་ཚོགས་འགན་སྲུང་དང་དེ་ལ་འདུ་བའི་ནང་དོན།

  སྤྱི་ཚོགས་འགན་སྲུང་ཞེས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁྲིམས་འཛུགས་ལ་བརྟེན་ནས་རྒྱལ་དམངས་ཀྱི་ཡོང་སྒོ་ལ་བགོ་བཤའ་དང་སླར་ཡང་བགོ་བཤའ་བྱས་ཏེ། སྤྱི་ཚོགས་ཀྱི་ཁྲིམས་མི་སྟེ་ལྷག་པར་དུ་འཚོ་བར་དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མིའི་གཞི་རྩའི་འཚོ་བའི་ཁེ་དབང་འགན་སྲུང་བྱེད་པའི་སྤྱི་ཚོགས་བདེ་སྲུང་ལམ་ལུགས་ལ་ཟེར། སྤྱི་ཚོགས་འགན་སྲུང་ཞེས་པ་རུ་རྒྱུན་པར་སྤྱི་ཚོགས་འགན་སྲུང་དང་། སྤྱི་ཚོགས་རྒུད་སྐྱོབ། སྤྱི་ཚོགས་ཕན་བདེ། གཟིགས་སྐྱོང་དང་བཀོད་སྒྲིག་བཅས་འདུ། དེའི་ཁྲོད་སྤྱི་ཚོགས་ཉེན་སྲུང་ནི་སྤྱི་ཚོགས་འགན་སྲུང་གི་ནང་དོན་གཙོ་བོ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་དོན་གོང་དུ་སྤེལ་ཏེ། སྤྱི་ཚོགས་ཉེན་སྲུང་ལམ་ལུགས་འཛུགས་རྒྱུ་དང་། སྤྱི་ཚོགས་ཉེན་སྲུང་མ་དངུལ་བཙུགས་ནས་ངལ་རྩོལ་པ་རྣམས་ལོ་ན་རྒས་པ་དང་། ནད་ཀྱིས་མནར་བ། ལས་རྨས་བྱུང་བ། ལས་ཀ་ཤོར་བ། ཕྲུ་གུ་སྐྱེས་པ་སོགས་ཀྱི་གནས་ཚུལ་འོག་དངོས་པོའི་རོགས་རམ་དང་སྐྱིན་གསབ་འཐོབ་ཐུབ། དེ་བཞིན་རང་རྒྱལ་གྱི་སྤྱི་ཚོགས་ཉེན་སྲུང་གི་རྣམ་གྲངས་གཙོ་བོ་རུ་རྒན་གསོའི་ཉེན་འགོག་དང་། སྨན་བཅོས་ཀྱི་ཉེན་སྲུང་། ལས་རྨས་ཀྱི་ཉེན་སྲུང་། ལས་ཀ་ཤོར་ཉེན་སྲུང་། ཕྲུ་གུ་སྐྱེས་པའི་ཉེན་སྲུང་བཅས་འདུ།

  རྩོམ་འཇུག་པ། ཡུལ་ལྷ་ཐར།