བཅའ་ཁྲིམས་ནང་དུ་གཞན་གྱི་ཚབ་ལ་གདམ་ཤོག་འཕེན་པར་གཏན་འཁེལ་གང་འདྲ་བྱས་ཡོད།

 སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གདམ་བསྐོ་འགོ་རྩོམ་པའི་ཚེ། གདམ་དམངས་ཕྱི་ལ་ལས་ཀར་ཆས་པའམ་ཚོང་གཉེར་དུ་སོང་སྟེ་གདམ་བསྐོར་ཞུགས་མ་ཐུབ་ཚེ། རང་ཉིད་ཀྱིས་རློམ་ཆོག་པའི་མི་ཞིག་བཙལ་ཏེ་རང་གི་ཚབ་ལ་གདམ་ཤོག་འཕེན་ཆོག ཡིན་ཡང་དེར་ཡིག་མངག་བཅོལ་གདམ་དམངས་ཀྱི་འགྲོ་ལུགས་བསྒྲུབ་དགོས། འགྲོ་ལུགས་ཀྱི་གོ་རིམ་ཞིབ་ཏུ་བཤད་ན་གཤམ་གསལ་ལྟར། ཕྱི་སྡོད་གདམསདམངས་ཀྱིས《གདམ་དམངས་མངག་བཅོལ་གདམ་ཤོག་དཔང་ཡིག》 འབྲི་དགོས་པ་དང་། སྒྲ་ཕབ་དང་གློག་འཕྲིན། འཕྲིན་ཡིག་ལ་བརྟེན་ནས་མངག་བཅོལ་བའི་མིང་དང་མངག་བཅོལ་རྒྱུ་མཚན་བཤད་དགོས་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བརྒྱུད་དེ་ཐག་གཅོད་བྱས་ཚེ་ད་གཟོད་ནུས་པ་ཐོན་ངེས། མངག་བཅོལ་འགྲོ་ལུགས་མ་སྒྲུབ་པའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་མ་འཐོབ་ཚེ་གདམ་ཤོག་མི་འཕེན། མངག་བཅོལ་བས《གདམ་དམངས་མངག་བཅོལ་གདམ་ཤོག་དཔང་ཡིག》བཟུང་སྟེ་གདམ་བསྐོའི་ཚོགས་འདུར་ཞུགས་དགོས། 《གདམ་དམངས་མངག་བཅོལ་གདམ་ཤོག་དཔང་ཡིག》བླངས་ཏེ་གདམ་མི་རང་གིས་དངོས་སུ་འདེམས་དགོས། 《གདམ་དམངས་མངག་བཅོལ་གདམ་ཤོག་དཔང་ཡིག》གཞན་ལ་བསྐུར་ན་མི་ཆོག《གདམ་དམངས་མངག་བཅོལ་གདམ་ཤོག་དཔང་ཡིག》ནང་གི་མངག་བཅོལ་བྱས་པའི་རུས་མིང་ལ་གསལ་བོར་བལྟས་ནས་གདམ་ཤོག་སྟེར་དགོས། བཅའ་ཁྲིམས་ནང་དུ་མི་གཅིག་གིས་མངག་བཅོལ་བ་གསུམ་ལས་མངག་མི་ཆོག་པ་གཏན་ཁེལ་བྱས་ཡོད།

  རྩོམ་འཇུག་པ། ཡུལ་ལྷ་ཐར།