སྡོད་དམངས་ཐོབ་ཐང་ལག་ཁྱེར་མེད་ན་ཇི་ལྟར་གཉེན་སྒྲིག་ཐོབ་འགོད་བྱེད་དགོས།

  《<གཉེན་སྒྲིག་ཐོ་འགོད་སྐོར་གྱི་སྲོལ་ཡིག>ལག་ལེན་མཐར་ཕྱིན་བྱེད་པའི་ཁྲོད་ཀྱི་གནད་དོན་འགའི་སྐོར་གྱི་དམངས་སྲིད་པུའུ་ཡི་བསམ་འཆར》ལས། གལ་སྲིད་དོ་བདག་ལ་སྡོད་དམངས་ཐོབ་ཐབ་ལག་ཁྱེར་མེད་ན་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་དོ་བདག་གིས་འདོན་སྤྲོད་བྱས་པའི་སྐབས་ཐོག་གི་ཐོབ་ཐང་ལག་ཁྱེར་གཞིར་བཟུང་ནས་གཉེན་སྒྲིག་ཐོ་འགོད་བྱས་ཆོག་ཅེས་གཏན་འབེབས་བྱས་ཡོད།

  【གཞི་འཛིན་ས】 《〈གཉེན་སྒྲིག་ཐོ་འགོད་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པའི་ཁྲོད་ཀྱི་གནད་དོན་འགའི་སྐོར་གྱི་དམངས་སྲིད་པུའུ་ཡི་བསམ་འཆར〉》གྱི་དོན་ཚན་དང་པོ།

ལོ་ཙཱ་བ། ཡུལ་ལྷ་ཐར།