ཅི་ཞིག་ལ་ཚོང་རར་ཞུགས་ཆོག་པའི་ལམ་ལུགས་ཟེར།

  ཚོང་རར་ཞུགས་ཆོག་པའི་ལམ་ལུགས་ནི་འབྲེལ་ཡོད་རྒྱལ་ཁབ་དང་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་སྤྱི་དམངས་དང་ཁྲིམས་མི་ཚོང་རར་ཞུགས་ཏེ། ཚོང་ཟོང་ཐོན་སྐྱེད་དང་བདག་གཉེར་བྱེད་པའི་བྱ་འགུལ་གྱི་ཆ་རྐྱེན་དང་གོ་རིམ། རྩ་དོན་བཅས་ཀྱི་ལམ་ལུགས་དང་ཚད་གཞི་སྣ་ཚོགས་ཀྱི་སྤྱི་མིང་ཡིན། དེ་ནི་ཚོང་ཟོག་དཔལ་འབྱོར་དེ་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་བ་སྟེ། ཚོང་རས་མིའི་རིགས་འཚོ་བར་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་དང་ཚད་རིམ་ཉིན་བཞིན་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་གྱི་དགོས་མཁོ་སྲུང་སྐྱོང་བྱ་ཆེད་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་བཏང་བ་ཞིག་རེད།

  རྩོམ་འཇུག་པ། ཡུལ་ལྷ་ཐར།