ངལ་རྩོལ་པས་མི་བཀོལ་ལས་ཁུངས་ལ་རང་དགར་གྱིས་གན་རྒྱ་གྲོལ་ཆོག

  གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ་ངལ་རྩོལ་པས་མི་བཀོལ་ལས་ཁུངས་ལ་རང་དགར་གྱིས་གན་རྒྱ་གྲོལ་ཆོག

  1. མི་བཀལ་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་ཁ་ཆད་ལྟར་ངལ་རྩོལ་སྲུང་སྐྱོང་འདོན་སྤེལ་མ་བྱས་པ།

  2. མི་བཀོལ་ལས་ཁུངས་ཀྱིས་ཁྲིམས་ལྟར་ངལ་རྩོལ་པར་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་མ་སྤྲད་པ།

  3. མི་བཀོལ་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཁེལ་དང་འགལ་ནས་ངལ་རྩོལ་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་པ།

  4. མི་བཀོལ་ལས་ཁུངས་ཀྱིས་མགོ་སྐོར་གཏོང་བ་དང་འཇིགས་སྐུལ་གྱི་བྱེད་ཐབས་སམ་མི་དཀའ་ཁག་ལ་འཕྲད་པའི་སྐབས་དང་བསྟུན་ནས་ཕ་རོལ་པོའི་དོན་དངོས་བསམ་ཚུལ་དང་འགལ་དུ་བཅུགས་ནས་ངལ་རྩོལ་གན་རྒྱ་བཞག་པའམ་བཅོས་བསྒྱུར་བྱས་པ།

  5. བཅའ་ཁྲིམས་སམ་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་ངལ་རྩོལ་པས་ངལ་རྩོལ་གན་རྒྱ་གྲོལ་ཆོག་པའི་གཞན་པའི་གནས་ཚུལ།

  6. ངལ་རྩོལ་པས་ཚོད་ལྟའི་དུས་ཡུན་སྐབས་སུ་མི་བཀོལ་ལས་ཁུངས་ལ་ངལ་རྩོལ་གན་རྒྱ་གྲོལ་འདོད་ན། ཉིན3གྱི་སྔོན་དུ་མི་བཀོལ་ལས་ཁུངས་ལ་བརྡ་རྒྱག་དགོས།

  རྩོམ་འཇུག་པ། ཡུལ་ལྷ་ཐར།