མི་མང་འདུ་ས་དང་སྤྱིའི་འགྲིམ་འགྲུལ་སྒྲིག་ཁྲིམས་ལ་ཟིང་ཆ་བཟོས་པའི་བྱ་སྤྱོད་ནི་གང་དག་ཡིན།

  རང་རྒྱལ་གྱི བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས ཀྱི་གཏན་ཁེལ་གཞིར་བཟུང་ན། གཤམ་གྱི་བྱ་སྤྱོད་དག་ནི་མི་མང་འདུ་ས་དང་སྤྱིའི་འགྲིམ་འགྲུལ་སྒྲིག་ཁྲིམས་ལ་ཟིང་ཆ་བཟོས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས།

  1. སྡེ་ཁག་དང་ཐུན་མོང་། ཁེ་ལས། ལས་དོན་སྡེ་ཁག་སོགས་ཀྱི་སྒྲིག་ལམལ་ཟིང་ཆ་བཟོས་ཏེ། བྱ་བ་དང་ཐོན་སྐྱེད། ལས་གཉེར། སྨན་བཅོས། སློབ་ཁྲིད། ཞིབ་འཇུག་ཀྱི་བྱ་བ་རྒྱུན་ལྡན་དང་ངང་བསྒྲུབ་མ་ཐུབ་ནའང་གྱོང་གུད་ཚབས་ཆེན་བཟོས་མེད་པའི་རིགས།

  2. རླངས་འཁོར་ས་ཚིགས་དང་། མཚོ་ཁ་དང་གྲུ་ཁ། གནམ་གྲུ་ཐང་། ཚོང་ར། སྤྱི་གླིང་། འབྲོས་ཤམས་སྟོན་ཁང་སོགས་དང་ཡང་ན་གཞན་པའི་མི་མང་འདུ་སའི་སྒྲིག་ལམ་ལ་ཟིང་ཆ་བཟོས་པའི་རིགས།

  3. སྤྱི་སྤྱོད་རླངས་འཁོར་དང་། གློག་སྒུལ་རླངས་འཁོར། མེ་འཁོར། གྲུ་གཟིངས། མཁའ་སྐྱོད་ཡོ་བྱད་སོགས་དང་ཡང་ན་གཞན་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྟེང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་རིགས།

  4. ཁྲིམས་འགལ་གྱིས་སྒུལ་ཤུགས་འཕྲུལ་ཆས་དང་། གྲུ་གཟིངས། མཁའ་སྐྱོད་ཡོ་བྱད་སོགས་འགོག་པའམ་བཙན་ཤུགས་ཀྱིས་སྟེང་དུ་འཛེགས་པ། ཡང་ན་གཞན་པའི་འགྲིམ་འགྲུལ་ཡོ་བྱད་སོགས་ལ་གཏོར་བརླག་བཟོས་ནས་འགྲིམ་འགྲུལ་ཡོ་བྱད་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་པར་འགལ་རྐྱེན་བཟོས་པའི་རིགས།