ཁ་ལོ་བས་གཟབ་དགོས་པའི་དོན་ཚན་འགའ།

  1. ཁ་ལོ་བས་གློག་དམར་སྣང་མེད་དུ་བཞག་ནས་ལམ་གྱི་བཞི་མདོ་བརྒལ་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ་6འཐེན་པ་དང་སྒོར་100ཡི་དངུལ་ཆད་གཅད་རྒྱུ།

  2. ཁ་ལོ་བས་ཆང་འཐུང་ནས་རླངས་འཁོར་བསྐོར་ཚེ།སྤྱིའི་སྐར་གྲངས་ལས་སྐར་མ་12འཐེན་པ་དང་ལོ5ཡི་ནང་དུ་ལག་རྟགས་ལེན་པའི་རྒྱུགས་ལ་ཞུགས་མི་ཆོག

  3. ཁ་ལོ་བས་རླངས་འཁོར་སྐོར་སྐབས་ཉེན་སྲུང་སྐེ་རགས་མ་བཅིང་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ3འཐེན་པ་དང་སྒོར100ཡི་དངུལ་ཆད་གཅད་རྒྱུ།

  4. རླངས་འཁོར་བགྲོད་སྐབས་ཁ་ལོ་བའི་གམ་དུ་ཙོག་ཡོད་པའི་མིས་ཉེན་སྲུང་སྐེ་རགས་མ་བཅིང་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ3འཐེན་པ་དང་སྒོར50ཡི་དངུལ་ཆད་གཅད་རྒྱུ།

  5. ཁ་ལོ་བས་རླངས་འཁོར་སྐོར་བའི་སྐབས་སུ་ཁ་པར་བཏང་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ3འཐེན་པ་དང་སྒོར100ཡི་དངུལ་ཆད་གཅད་རྒྱུ།

  6. ཁ་ལོ་བས་རླངས་འཁོར་སྐོར་བའི་སྐབས་སུ་ཐ་མག་འཐེན་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ1འཐེན་པ་དང་སྒོར100ཡི་དངུལ་ཆད་གཅད་རྒྱུ།

  7. ཁ་ལོ་བས་བསམ་གཟས་ནས་རླངས་འཁོར་གྱི་འཁོར་རྟགས་བསྒྲིབས་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ12འཐེན་པ་དང་ཆད་པ་ངེས་ཅན་གཅད་རྒྱུ།

  8. རླངས་འཁོར་མྱུར་ཚད་ལས་བརྒལ་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ6འཐེན་ཏེ་ཆད་པ་གཅད་རྒྱུ།

  9. ཁ་ལོ་བའི་གམ་དུ་ལོ14ལ་སོན་མེད་པའི་བྱིས་པ་བཙོག་ཚེ། སྤྱིའི་སྐར་གྲངས་ལས་སྐར་མ6འཐེན་པ་དང་སྒོར300ཡི་དངུལ་ཆད་གཅད་རྒྱུ།

2015ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

  རྩོམ་འཇུག་པ། ཡུལ་ལྷ་ཐར།