ཅི་ཞིག་ལ་འཕྲོག་བཅོམ་ནག་ཉེས་ཟེར། དེར་ཉེས་ཆད་ཇི་ལྟར་གཅད་དགོས།

  འཕྲོག་བཅོམ་བྱས་པའི་ནག་ཉེས་ནི་ཁྲིམས་འགལ་གྱིས་བདག་འཛིན་བྱེད་པ་དམིགས་འབེན་བྱས་ཏེ། བཙན་ཤེད་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་ཚུན་མིན་སྤྱད་དེ་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་བཙན་འཕྲོག་བྱེད་པའི་བྱ་སྤྱོད་ལ་ཟེར།

  《ཉེས་ཁྲིམས》ཀྱི་དོན་ཚན263པའི་གཏན་ཁེལ་ལྟར་ན། བཙན་ཤེད་དང་འཇིགས་སྐུལ་ཡང་ན་བྱེད་ཐབས་ཚུལ་མིན་སྤྱད་དེ་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་བཙན་འཕྲོག་བྱེདམཁན་ལ། ལོ་གསུམ་ནས་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་དགོས་པར་མ་ཟད། དངུལ་ཆད་ཀྱང་གཅད་དགོས། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། ལོ་བཅུའི་ཡན་གྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན། ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅད་དགོས་པར་མ་ཟད། དངུལ་ཆད་བཅད་དེ་རྒྱུ་ནོར་ཡང་གཞུང་དུ་བཞེས་དགོས།

  1. ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པ།

  2. སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བཟུང་ནས་འཕྲོག་བཅོམ་བྱས་པ།

  3. དངུལ་ཁང་ངམ་དངུལ་ལོར་ལས་ཁུངས་གཞན་ལ་འཕྲོག་བཅོམ་བྱས་པ།

  4. ཐེངས་མང་འཕྲོག་བཅོམ་མམ། ཡང་ན་གྲངས་འབོར་ཧ་ཅང་ཆེ་བ་འཕྲོག་བཅོམ་བྱས་པ།

  5. འཕྲོག་བཅོམ་བྱས་ཏེ་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་རྐྱེན་བཟོས་པ།

  6. དམག་མི་དང་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱས་པ།

  7. མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པ།

  8. དམག་དཔུང་གི་དངོས་རྫས་སམ་གནོད་ཐེབས་རྒུད་སྐྱོབ། ཡང་ན་དབུལ་སྐྱོབ་དངོས་རྫས་འཕྲོག་བཅོམ་བྱས་པ་བཅས་སོ།

རྩོམ་འཇུག་པ། ཡུལ་ལྷ་ཐར།