སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་ལ་ཆད་པ་གཅད་ཆོག་གམ།

   མི་ཆོག རང་རྒྱལ་གྱི《ཁྲིམས་འཛིན་ཉེས་གཅོད་བཅའ་ཁྲིམས》ལྟར་ན། ཁྲིམས་འཛིན་ཉེས་ཆད་ཅེས་པ་ནི། ཁྲིམས་འཛིན་དབང་ཆ་ཡོད་པའི་ལས་ཁུངས་ཀྱིས་རང་གི་ཐེ་གཏོགས་བྱས་ཆོག་པའི་ཁྱབ་ཁོངས་སུ་དབང་ཆ་སྤྱོད་པ་ཞིག་ཡིན། ཉེས་ཆད་དབང་ཆ་གཅད་ཆོག་པའི་ལས་ཁུངས་གཅིག་ལས་མེད་ལ། དེ་ནི་རྒྱལ་ཁབ་ལས་ཁུངས་ཡིན། སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་མང་ཚོགས་རང་སྐྱོང་རྩ་འཛུགས་ཤིག་ཡིན་པས། ཉེས་ཆད་གཅད་རྒྱུའི་དབང་ཆ་མེད།

རྩོམ་འཇུག་པ། ཡུལ་ལྷ་ཐར།