ཞིང་ལས་འགན་གཙང་ལེན་གྱི་གན་རྒྱ་བཞག་སྟེ་གྱོད་བྱུང་ཚེ་ཐག་ཇི་ལྟར་གཅོད་དགོས།

  ཞིང་ལས་འགན་གཙང་ལེན་གྱི་གན་རྒྱ་བཞག་སྟེ་གན་རྒྱ་འཇོག་མཁན་བར་ལ་གྱོད་བྱུང་ན། གཤམ་གསལ་ལྟར་ཐག་གཅོད་པར་བྱེད་དེ། ༡གྲོས་མོལ་བྱས་ཏེ་ཐག་གཅོད་པ། དེ་ནི་འགན་གཙང་སྤྲོད་ལེན་གྱི་ཕྱོགས་གཉིས་ཀོ་བསེ་མཉམ་དུ་གྲོས་ཁ་བསྡུར་ཏེ་གྲོས་མཐུན་བྱུང་བ་ལ་ཟེར། གན་རྒྱ་འཇོག་མཁན་ཕྱོགས་གཉིས་ཀའི་རང་རང་གི་ཁེ་ཕན་ལ་མི་གནོད་པའི་རྨང་གཞིའི་འོག་ཏུ་དངོས་ཐོག་བདེན་འཚོལ་དང་བཟོད་སྒོམ་གྱི་སྙིང་སྟོབས་ངོས་བཟུང་སྟེ་རང་སྐྱོན་ཁས་ལེན་དང་བཅོས་སྒྱུར། གཞན་གྱི་ཁེ་ཕན་ལ་མི་གནོད་ཡོད་ཚེ་སྐྱིན་ཚབ་གཞལ་ན་དོན་དག་ཡག་པོར་ཐག་གཅོད་ཐུབ་ལ། དེ་ལྟར་མ་བསྒྲུབ་པར་གཏུག་བཤེར་བྱས་ན་རང་གཞན་གཉིས་ཀའི་ཁེ་ཕན་ལ་གནོད་སྲིད། ༢བར་འདུམ་པས་ཐག་གཅོད་པ། དེ་ནི་དོ་བདག་ཕྱོགས་གཉིས་ཀས་གྲོས་ཁ་གཅིག་ཏུ་འབབ་མ་ཐུབ་པར་བར་བ་ཞིག་བཙལ་ཏེ་དོན་དག་ཐག་གཅོད་དུ་འཇུག་པ་ལ་ཟེར། ༣བར་སྡུམ་ཐག་གཅོད། དེ་ནི་བར་འདུམ་ཨུ་ཡོན་ལྷན་ཁང་གིས་དོ་བདག་གི་གནས་ཚུལ་ལ་གཞིགས་ཏེ་ཞིབ་བཤེར་ནན་མོ་བྱས་ནས། དོན་དག་གི་མཇུག་འབྲས་གསལ་བོར་ཤེས་རྗེས་ཁྲིམས་ཁང་ལ་སྙན་ཞུ་བྱས་ཏེ་བཙན་གྱིས་ཐག་གཅོད་པ་ལ་ཟེར། གཏུག་བཤེར་ཐག་གཅོད། དེ་ནི་མི་དམངས་ཁྲིམས་ཁང་གིས་དོ་བདག་གི་ས་ཞིང་གན་རྒྱའི་སྐོར་གྱི་གཏུག་བཤེར་ཡི་གེར་བལྟས་ཏེ་སུས་འགན་འཁུར་དགོས་པ་ཐག་གཅོད་པའི་ཐབས་ལམ་ཞིག་ལ་ཟེར།

  རྩོམ་འཇུག་པ། ཡུལ་ལྷ་ཐར།