བྱིས་པ་གཉོར་སྐྱོང་བྱེད་མཁན་ལ་ཆ་རྐྱེན་གང་དག་ལྡན་དགོས།

  རང་རྒྱལ《གཉོར་སྐྱོང་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། གཉོར་སྐྱོང་བྱེད་མཁན་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་ལྡན་དགོས།
  གཅིག  བྱིས་པ་མེད་པ།
  གཉིས།  བྱིས་པ་དེར་སློབ་གསོ་གསོ་མྱང་དུ་འཇུག་པའི་ནུས་པ་ཡོད་པ།
  གསུམ།  གསོ་རིག་སྟེང་གི་བྱིས་པ་གཉོར་སྐྱོང་བྱེད་མི་ཆོག་པའི་ནད་རིགས་མེད་པ།
  བཞི།   ལོ་སུམ་ཅུ་ཡན་ཡིན་པ། གཞན་ཡང་དྭ་ཕྲུག་དང་དབང་བོ་སྐྱོན་ཅན། ད་དུང་སྤྱི་ཚོགས་ཕེན་བདེ་སྡེ་ཁག་གིས་གཉོར་སྐྱོང་བྱེད་བཞིན་པའི་བྱིས་པ་སྟེ་ཕ་མ་ཟུང་བཙལ་ནས་མ་རྙེད་པ་དང་འདོར་བསྐྱུར་བྱས་པའི་བྱིས་པའི་རིགས་གཉོར་སྐྱོང་བྱེད་ན་གཉོར་སྐྱོང་བྱེད་མཁན་ལ་བྱིས་པ་མེད་པའི་ཚད་བཀག་མེད།

རྩོམ་འཇུག་པ། ཡུལ་ལྷ་ཐར།