སྤྱི་དམངས་ས་འགུལ་ཁྲོད་གར་སོང་ཆ་མེད་དུ་གྱུར་ཚེ་ཇི་ལྟར་བྱ།

  《དམངས་ཁྲིམས་སྤྱི་སྲོལ 》གྱི་དོན་ཚན20པའི་གཏན་འཁེལ་ལྟར་ན། སྤྱི་དམངས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་ལོངས་ཚེ། ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུས་ཆོག གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱེད་པའི་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མི་ནི། གར་སོང་མ་ཤེས་པའི་མི་དེའི་བཟའ་ཟླ་དང་ཕ་མ། བྱིས་པ། ཕུ་ནུ་མིང་སྲིང་། མེས་པོ་མེས་མོ། ཚ་བོ་ཚ་མོ་དང་གཞན་པའི་རེ་འདུན་ཞུ་ཡུལ་དང་དམངས་དོན་ཁེ་དབང་འོས་འགན་གྱི་འབྲེལ་བ་ཡོད་པའི་མི་བཅས་ཡིན།

  སྤྱི་དམངས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྟེ་གར་སོང་མ་ཤེས་ཚེ། དོན་རྐྱེན་བྱུང་བའི་ཉིན་ནས་བཟུང་ལོ་གཉིས་ལོངས་ཚེ། ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་མི་དེ་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུས་ཆོག

  ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུ་མཁན་གྱི་གོ་རིམ་ནི།

  གཅིག བཟའ་ཟླ། གཉིས། ཕ་མ་དང་བྱིས་པ། གསུམ་པ། ཕུ་ནུ་མིང་སྲིང་དང་མེས་པོ་མེས་མོ། ཚ་བོ་ཚ་མོ། བཞི། གཞན་པའི་དམངས་དོན་ཁེ་དབང་འོས་འགན་འབྲེལ་བ་ཡོད་པའི་མི།

  གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱེད་པ་དེ་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་དུས་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་མིན། སྤྱི་དམངས་གར་སོང་མ་ཤེས་པར་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་དང་མཐུན་ཚེ། ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མིས་གར་སོང་ཆ་མེད་དུ་གྱུར་བའི་ཁྱབ་བསྒྲགས་མ་བརྒྱུད་པར་ཐད་ཀར་དུ་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས་ཆོག ཡིན་ཡང་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མིས་གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་ཚེ་ཁྲིམས་ཁང་གིས་ཀྱང་དེ་ལྟར་བསྒྲུབ་འོས། གོ་རིམ་གཅིག་པའི་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་མི་ལ་ལས་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུ་བ་དང་། ལ་ལ་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་པར་མི་འཐད་ཚེ། ཚེ་ལས་འདས་པ་ཁྱབ་བསྒྲགས་བྱེད་འོས།

རྩོམ་འཇུག་པ། ཡུལ་ལྷ་ཐར།