མཉེན་ཆས་ཀྱི་གསང་རྒྱ་གྲོལ་སྟངས།

ཚང་མས་ཤེས་གསལ་ལྟར Microsoft Office 2010 ནི་མིག་སྔར་གསར་དུ་ཐོན་པའི་མཉེན་ཆས་ཤིག་ཡིན་ཏེ། བཀོལ་སྤྱོད་ཀྱི་བྱེད་ནུས་དེ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པར་གྱུར་ཡོད་པ་གདེང་ཚོད་ཐུབ། ཡིན་ནའང་བེའུ་རོང་ཚང་གིས་འདི་ཡོད་ཚད་རིན་མེད་སྒོས་གནང་བ་དཔེ་མི་སྲིད་དེ།དེ་ནི་ངེས་པར་དུ་ཤོག་སྒོར་བཏོན་ཏེ་ཉོ་དགོས་པ་ཞིག་ཡིན་པས།ད་ལྟ་དྲ་ཐོག་ཏུ་ཕབ་ལེན་བྱུང་བའི་མཉེན་ཆས་དེ་ཟླ་བ་གཅིག་ལས་བཀོལ་སྤྱོད་བྱེད་མི་ཐུབ་ལ། དུས་ཚོད་ཚང་རྗེས་ངེས་པར་དུ་བསྐྱར་འཇུག་བྱེད་དགོས་པ་ཡིན་པས་ཧ་ཅང་འུ་ཐུག་གི་ལས་ཀ་ཅིག་ཡིན།དེས་ན་གཤམ་དུ་ཁོ་བོསMicrosoft Office 2010 མཉེན་ཆས་ཀྱི་གསང་རྒྱ་གྲོལ་སྟངས་ཤིག་རི་མོ་དང་སྦྱར་ནས་ངོ་སྤྲོད་བྱེད་ཆོག་ཏེ། སྤྱིར་མཉེན་ཆས་འདིའི་གསང་རྒྱ་གྲོལ་བ་ལ་ལག་ཆ་མང་པོ་ཞིག་ཡོད་མོད་ཕལ་ཆེ་བ་ཅུང་རྙོག་དྲ་ལྡན་པས་རྩིས་འཁོར་ལ་བྱང་ཆ་དེ་ཙམ་མེད་པའི་གྲོགས་པོ་ཚོས་ཧ་ཅང་གོ་དཀའ་བ་རེད། དེའི་རྐྱེན་གཤམ་གྱི་མཉེན་ཆས་འདི་ནི་ཧ་ཅང་བཀོལ་བདེ་ཞིག་ཡིན་ཏེ། ངས་བཤད་པའི་གོ་རིམ་ལྟར་སྒྲུབ་ཚེ་ལེགས་འགྲུབ་བྱུང་སྲིད་དོ།གཅིག། ཁྱོད་ཀྱི་ཕབ་ལེན་བྱས་ཟིན་པའི་ Microsoft Office 2010 དེ་རྩིས་འཁོར་དུ་སྤྲོད་འཇུག་བྱས་རྗེས་༼Office 2010 Toolkit༽མཉེན་ཆས་འདིའི་ཁ་འབྱེད་དགོས། ༼མཉེན་ཆས་འདི་པེ་ཏོ་༼百度༽ནང་བཙལ་ན་རྙེད་ཐུབ།༽ གཤམ་གསལ་ནི༼Office 2010 Toolkit༽ ཐོག་མར་ཁ་འབྱེད་རྗེས་ཀྱི་རྣམ་པ་ཡིན།

  གཉིས། ༼Office 2010 Toolkit༽ ཞེས་པའི་མཉེན་ཆས་དེའི་ཁ་འབྱེད་རྗེས་དང་ཐོག་སྟོད་ཀྱི་ Main ཞེས་པའི་དབྱིན་ཡིག་སྟེང་གནོན་པ་དང་དེ་དང་ཆབས་ཅིག ez-activator ཞེས་པ་ནས་གནན་རྗེས་སྒུག་པས་ཆོག མཉེན་ཆས་འདི་འཇུག་དུས་རབ་ཡིན་ན་དུག་སེལ་མཉེན་ཆས་ཀྱི་སྐོར་ཁ་རྒྱག་དགོས་ལ། དེ་མིན་ནང་འཇུག་ཐད་བར་ཆད་བཟོ་ངེས་ཡིན།

  གསུམ། གོང་གི་གོ་རིམ་དེ་དག་བརྒྱུད་རྗེས་གཤམ་གསལ་ལྟར་མཐོང་ལ། དབྱིན་ཡིག་ལྗང་ཁུ་འགའ་བཏོན་པ་དེ་ནི་མཉེན་ཆས་རང་འགུལ་ནས་གསང་རྒྱ་གྲོལ་བཞིན་པའི་སྐབས་ཡིན་ལ།ཁྱོད་ཀྱིས་སྒུག་བསྡད་པས་ཆོག

  བཞི། ཅུང་ཙམ་སྒུག་རྗེས་མཉེན་ཆས་ཀྱི་ཡི་གེ་ལྗང་ཁུ་བཏོན་པའི་གནས་དེའི་མཇུག་མཐར་༼office 2010 Was successfully activated ༽ ཞེས་དབྱིན་ཡིག་ཅིག་བྱུང་སྲིད་དེ། དེ་དུས་གསང་རྒྱ་གྲོལ་ཟིན་པ་ཡིན་པས་ཐད་ཀར་སྒོ་གཏད་པས་ཆོག

  ལྔ། ༼Office 2010 Toolkit༽མཉེན་ཆས་ཀྱི་སྒོ་གཏད་རྗེས་office 2010 མཉེན་ཆས་འགོ་སློང་བྱས་ཏེ་གཡས་ངོས་ཀྱི་༼ཡིག་ཆ་༽ཞེས་པའི་སྟེང་གནོན་དགོས།

  དྲུག། དེ་ནས་གཡང་ངོས་ཀྱི་སྒེའུ་ཁུང་རེའུ་མིག་སྟེང་གི་ཡི་གེ༼ རོགས་སྐྱོར ༽ཞེས་པ་ནས་མནན་ཏེ་གསང་རྒྱ་གྲོལ་ཡོད་མེད་ལ་བལྟ་ཆོག། གཡོན་ངོས་ཀྱི་རྒྱའི་ཡིག་འབྲུ་ཞེས་འགྱུར་ཡོད་ཚེ་གསང་རྒྱ་གྲོལ་ཟིན་པ་ཡིན་ནོ།