ཧི་གཟུགས་སྤྱོད་ཐུབ་པའིQQ2009

  ཉེ་ཆར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་སྤྱད་ནས་གླེང་མོལ་བྱེད་ཆོག་པའི་མཉེན་ཆས་གསར་བ་སྟེ། QQ༢༠༠༩ Preview༣ དེ་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན་སྟབས་ཕབ་ལེན་དང་བཀོལ་སྤྱོད་བྱེད་ཆོག་གི་ཡོད། དེ་སྔ་བོད་ཡིག་གཏག་དུས་སུ་ཡིག་གཟུགས་ལེགས་པོར་མི་འཆར་བར་ཕ་རོལ་བོར་བསྐུར་རྗེས་ད་གཟོད་མཐོང་ཐུབ་པའི་གནད་དོན་འདུག་པ་དེ་ཡང་པར་གཞི་གསར་བ་འདིའི་ནང་དུ་ཐག་གཅོད་ཡག་པོ་བྱས་འདུག ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་འདི་ནི་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་གཞིར་བཟུང་ནས་བཟོས་པ་མ་ཟད། འཛམ་གླིང་ཡོངས་སུ་ཐུན་མོང་ཐོག་སྤྱོད་པའི་བོད་ཡིག་གི་ཡིག་གཟུགས་ཉག་ཅིག་ཀྱང་རེད། དེར་བརྟེན། རྒྱལ་ནང་གི་བོད་མི་མང་ཤོས་ཀྱིས་ཆེས་དགའ་ཞེན་བྱེད་པའི་གླེང་མོལ་མཉེན་ཆས QQ ནང་དུ་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་སྤྱོད་ཐུབ་པ་བྱུང་བ་ནི་ཤིན་ཏུ་དགའ་འོས་པ་ཅིག་རེད།

གླེང་མོལ་མཉེན་ཆས QQ༢༠༠༩ Preview3༣ཕབ་ལེན་བྱེད་ས་ནི། http://im.qq.com/བོད་ཡིག་གིས་གླེང་མོལ་བྱེད་དུས་སུ་ཡིག་གཟུགས་ལ Microsoft Himalaya འདེམས་པ་དང་ཡིག་གཟུགས་ཆེ་ཆུང་ལ་ཆེས་ལེགས་ཤོས་ནི༢༠དེ་ཡིན་ནོ།།