《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ》ཞེས་པ་སློབ་རར་བསྐྱོད་པའི་མཚོ་སྔོན་ས་ཚིགས་ཀྱི་བྱེད་སྒོ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》ཞེས་པའི་སློབ་རར་བསྐྱོད་པའིྒོ་མཚོ་སྔོན་ས་ཚིགས་ཀྱི་བྱེད་སྒོ་སྤེལ་མགོ་བརྩམས།  བྱེད་སྒོ་དེ་ཞིང་ཆེན་ནང་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་ཕྱོགས་ཏེ། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་བཅས་སུ་སྤེལ་ནས་ཆེད་དོན་འཆད་ཁྲིད་དང་། བརྗོད་དོན་གཙོ་བོའི་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་དང་། སྤུས་ལེགས་གསུང་རབས་ཐོན་ཁུངས་ཁྱབ་གདལ་བཏང་སྟེ་མཚོ་སྔོན་གྱི་སློབ་གྲྭར་གསུང་རབ་ལྟ་ཀློག་དང་རིག་གནས་རྒྱུན་འཛིན་བྱེད་པའི་རྣམ་པ་ཟབ་མོ་གཏོད།

མཚོ་སྔོན་ས་ཚིགས་ཀྱི་འབྲེལ་ཡོད་བྱེད་སྒོ་དེ《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》རྩོམ་སྒྲིག་ལས་དོན་གཞུང་དོན་ཁང་དང་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པ་དང་། པེ་ཅིན་རྒྱལ་ཁབ་རི་མོ་གསར་གཏོད་རིག་དངོས་སྲུང་སྐྱོང་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མཚོ་སྔོན་སློབ་ཆེན་དཔེ་མཛོད་ཁང་། མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་བཅས་ཀྱིས་ཐུན་མོང་ཐུན་མོང་ཐོག་སྒྲུབ་འགན་འཁུར་ཡོད། བྱེད་སྒོའི་ས་ཚིགས་དང་པོ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དུ་སྤེལ་ཞིང་། རྒྱལ་ཁབ་དཔེ་མཛོད་ཁང་གི《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》རྩོམ་སྒྲིག་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཅེ་ཡིས《རྒྱལ་ཁབ་དཔེ་མཛོད་ཁང་གི་གསུང་རབ་གསོན་འགྱུར་ལག་ལེན་དང་བེད་སྤྱོད--<ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ>དཔེར་བཞག་ནས》ཞེས་པ་ཁ་བྱང་དུ་བྱས་ནས་ཆེད་དོན་འཆད་ཁྲིད་བྱས། འཆད་ཁྲིད་ནང་རྒྱལ་ཁབ་དཔེ་མཛོད་ཁང་གིས་མིག་སྔར་འགན་འཁུར་བའི《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》རྩོམ་སྒྲིག་བྱ་བར་དམིགས་ནས་རྣམ་གྲངས་འཛུགས་པ་དང་། བྱ་བའི་གཙོ་གནད། ཉེ་དུས་ཀྱི་གྲུབ་འབྲས་སོགས་བྱ་བའི་ལག་ལེན་ལ་ཕྱིར་མིག་བལྟས་ཏེ་གསུང་རབ་དཔེ་ཀློག་དེ་མང་ཚོགས་ཀྱི་རྒྱུན་གཏན་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཚའེ་ཀྲིས་མཚོ་སྔོན་སློབ་ཆེན་དུ《པའེ་ཅུས་དབྱིའི་དུས་རབས་དང་ལས་དབང》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་ནས་གནའ་རབས་ཀྱི་རིག་གནས་པའི་བསམ་པའི་དོན་གཉེར། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་ཚུལ་ལ་དབྱེ་ཞིབ་བྱས་ཏེ། ན་གཞོན་སློབ་མས་གནའ་བོའི་རྩོམ་རིག་དང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས་གཏིང་ཟབ་ཡོང་བར་རོགས་རམ་བྱས།

མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་གི་ཆེད་དོན་འཆད་ཁྲིད་ནང་རྒྱལ་ཁབ་དཔེ་མཛོད་ཁང་གི་རིམ་པ་གཉིས་པའི་ཞིབ་འཇུག་པ་ལིན་ཧྲི་ཐེན་གྱིས《གསུང་རབ་བསྟན་བཅོས་ལས་བློ་གྲོས་བསྡུ་ལེན་བྱེད། རྩ་ཆེའི་གནའ་གཞུང་ཁྲོད་ཀྱི་རིག་གནས་རང་རློམ》ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སློབ་ཁྲིད་དང་མཉམ་སྤྱོད་བྱས་ཏེ། རྒྱ་ཆེའི་སློབ་མ་རྣམས་་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་འཚོ་བཅུད་བསྡུ་ལེན་གྱི་འཚར་ལོངས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་རིག་གནས་ཡིད་ཆེས། བྱེད་སྒོའི་ནང་ལེ་ལག་ཚང་བའི་བརྐོས་རིས་པར་འདེབས་དང་གནའ་གཞུང་ཆ་ཚང་པར་འདེབས་སོགས་གཟུགས་འདས་རིག་གནས་ཤུལ་བཞག་ཉམས་ལེན་རྣམ་གྲངས་སྤེལ་ནས་མང་ཚོགས་དང་སྲོལ་རྒྱུན་གྱི་བསྟན་བཅོས་བར་གྱི་བར་ཐག་ཇེ་ཉེར་ཕྱིན་ཡོང་བར་ཁྲིད་སྟོན་བྱས།

གཞན་ཡང《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་ཀློག་ཁྱབ་གདལ་འགྲེམས་སྟོན་དེ་མཚོ་སྔོན་གྱི་སྤྱི་དམངས་ལ་སྒོ་མོ་ཕྱེ་བ་དང་། འགྲེམས་སྟོན་ནང་གསུང་རབ་ཀྱི་བློ་གྲོས་ལྟེ་བར་བྱས་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་གསུང་རབ་མང་པོ་སྦྲེལ་མཐུད་བྱས་ཏེ་གསུང་རབ་གྲགས་ཅན་ཁྲོད་ཀྱི་མཚན་ཉིད་ཟབ་དོན་གསལ་འགྲེལ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཐད་ཀར་མངོན་ཡོད།

《ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་བརྒྱ་བ》ཞེས་པའི་སློབ་གྲྭའི་བྱེད་སྒོ་སྔ་རྗེས་སུ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དང་། ཀྲེ་ཅང་ཞིང་ཆེན། ཧའེ་ནན་ཞིང་ཆེན་སོགས་སུ་སྤེལ་ཡོད། ཐེངས་འདིའི་མཚོ་སྔོན་ས་ཚིགས་ཀྱི་བྱེད་སྒོ་དེས་གསུང་རབ་སྨྱན་སྦྱོར་དང་རིག་གནས་ཁམས་གསོ་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གངས་ལྗོངས་ས་མཐོར་གཞི་ཚུགས་པ་མ་ཟད། རྒྱ་ཆེའི་དགེ་སློབ་ཚོས་གསུང་རབ་ཀློག་པ་དང་། ནང་དོན་གགཙོ་འཛིན། རིག་གནས་ཀྱི་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་ལ་ཁྲིད་སྟོན་ནུས་ལྡན་བྱས་ནས་ནུབ་རྒྱུད་ས་ཁུལ་གྱི་གསུང་རབ་རིག་གནས་བརྒྱུད་སྤེལ་དང་དཔེ་ཀློག་གོམས་གཤིས་འཛུགས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།